འཇིག་རྟེན་ཆོས་བརྒྱད།

ཕན་གནོད་ཕྲན་ཚེགས་ཙམ་གྱིས་དགའ་བ་དང་མི་དགའ་བར་འགྱུར་བའི་ཆོས་བརྒྱད་དེ། རྙེད་པ་དང་། “*མ་*རྙེད་པ”། སྙན་པ་དང་། “*མི་*སྙན་པ།” བསྟོད་པ་དང་། སྨད་པ། བདེ་བ་དང་། མི་བདེ་བ་བཅས་བརྒྱད།

༡་ག་རེ་བྱས་ནས་མཚམས་མཚམས་“མ”། དེ་ནས་མཚམས་མཚམས་“མི”འབྲི་ཡི་ཡོད་རེད།
༢་ རྒན་ལགས་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་སྐོར་ལ་གསུངས་རོགས་གནང་།

དེ་འདྲའི་སྐབས་སུ་དགག་ཚིག་མ་དང་མི་གཉིས་གང་བེད་སྤྱོད་ན་འགྲིག་གི་རེད། ཡིན་ཡང་ཚིག་གཅིག་ལན་མང་པོ་བེད་སྤྱོད་གཏོང་ན་སྡེབ་སྦྱོར་ཉམས་འགྲོ་གི་རེད་ཟེར་གྱི་འདུག་པས་མ་འདྲ་བ་བེད་སྤྱོད་ན་ཡག་པོ་ཡོད་ས་རེད་བ། འཇིག་རྟེན་ཆོས་བརྒྱད་ནི། རྙེད་པ་བྱུང་ན་དགའ་བ།། རྙེད་པ་མ་བྱུང་ན་མི་དགའ་བ། མིང་སྙན་པོ་བྱུང་ན་དགའ་བ་དང་། མིང་སྙན་པོ་མ་བྱུང་ན་མི་དགའ་བ། བསྟོད་པ་གཏོང་ན་དགའ་བ། སྨད་ར་གཏོང་ན་མི་དགའ་བ། བདེ་བ་བྱུང་དགའ་བ་དང་། མི་བདེ་བ་བྱུང་ན་མི་དགའ་བཅས་བརྒྱད་རེད།