མི་སྙན་པ་ལ་བཟོད་པ། སྨད་པ་ལ་བཟོད་པ།

      ༡༦
      འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ།།
      སྟོང་གསུམ་ཁྱབ་པར་སྒྲོགས་པར་བྱེད་ན་ཡང་།།
      བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི།།
      ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན།།
      ༡༧
      འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་གིས།།
      མཚང་ནས་བྲུས་ཤིང་ཚིག་ངན་སྨྲ་ན་ཡང་།།
      དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས།།
      གུས་པར་འདུད་པ་རྒྱལ་སྲས་ལག་ལེན་ཡིན།།

ཚིགས་བཅད་༡༦དང་༡༧ འི་བརྗོད་དོན། མི་སྙན་པ་ལ་བཟོད་པ་དང་། སྨད་པ་ལ་བཟོད་པ། འདྲ་པོ་ཡིན་ཙང་། བསམ་བློ་གཏོང་བ་དང་ཉམས་ལེན་བྱེད་སྐབས། དབྱེ་བ་གང་འདྲ་སེ་འབྱེད་དགོས་སམ། ནང་དུ་རིམ་པ་ཡོད་དམ།

དེ་གཉིས་དངོས་གནས་འདྲ་བོ་འདུག ཡིན་ཡང་རང་ལ་ཚིག་སྙན་པོ་མེད་པ་དང་། རང་ལ་སྐྱོན་བརྗོད་དམ་རང་གི་ཚང་འབྲུ་ཞིང་ཚིག་སྡུག་ཅག་བེད་སྤྱོད་དེ་མི་མང་པོའི་དབུས་སུ་ལབ་པ་གཉིས་ཏོག་ཙམ་ཁྱད་པ་ཡོད་རེད་བསམ། ཉམས་ལེན་བྱེད་དུས་ཡིན་གཅིག་ཁྱད་པ་མ་ཕྱེ་ནའང་འགྲིག་གི་རེད།