བྱའོ་དེ་དགོས་གྱི་དོན་རེད་པས

རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ལུས་ལ་མར་མེ་སྟོང་བཙུགས་ཏེ་མཆོད་པ་བྱེད་ནུས་ན་ཆོས་བསྟན་པར་བྱའོ་ཞེས་སྨྲས་པ་དང།

བྱའོ་ཡི་དོན་དག་ག་རེ་རེད།

བྱའོ་ཞེས་པ་སླར་བསྡུའི་ཚིག་ཕྲད་ཡིན། འདིར་བྱའོ་ཞེས་པ་ཁྱོད་ཀྱིས་ལུས་ལ་མར་མེ་སྟོང་བཙུགས་ནས་མཆོད་པར་བྱེད་ནུས་ན། ངས་ཁྱོད་རང་ལ་ཆོས་བསྟན་པའི་བྱ་བ་བྱེད་དགོས་ཞེས་པའམ། ཆོས་བཤད་དགོས་ཞེས་པའི་དོན་རེད། དཔེར་ན། ཁྱེད་ཀྱིས་ང་ལ་སྒོར་མོ་སྤྲད་ནུས་ན་ངས་ཁྱོད་ལ་བོད་ཡིག་བསླབ་པར་བྱའོ་ཟེར་བ་ལྟ་བུ་ངས་བོད་ཡིག་བསླབ་པའི་ལས་ཀ་བྱེད་དགོས་ཞེས་པའི་དོན་ཡིན། མདོར་ན་མ་འོངས་པ་ལ་བྱ་བ་བྱེད་དགོས་པ་བསྟན་པ་རེད།།