གྱུར་དང་སྒྱུར

དེའི་ཚེ་ན་བརྒྱ་བྱིན་གྱིས་སྔོན་གྱི་ལུས་སུ་བསྒྱུར ་ཏེ། རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ

གྱུར་དང་སྒྱུར་གཉིས་ཁྱད་པར་ཡོད་པས།

སྒྱུར་ནི་བྱེད་འབྲེལ་ལས་ཚིག་དང་། གྱུར་ནི་སྒྱུར་གྱི་ཁ་གཏད་བྱེད་མེད་ལས་ཚིག་ཡིན། བརྒྱ་བྱིན་གྱིས་སྔོན་གྱི་ལུས་སུ་གྱུར་བ་མིན་པ་ཁོ་རང་གིས་རྐང་བཙུགས་ནས་བསྒྱུར་བ་ཡིན་པས། སྐབས་འདིར་སྒྱུར་བྲིས་པ་ཡིན། དཔེར་ན། རྐང་བཙུགས་ནས་ལྕགས་གསེར་དུ་བསྒྱུར་ན་ལྕགས་གསེར་དུ་བསྒྱུར་ཞེས་འབྲི་དགོས་པ་དང་། ལྕགས་ཁོ་རང་རང་འགྱུར་གྱིས་གསེར་དུ་གྱུར་སོང་ན་ལྕགས་གསེར་དུ་གྱུར་ཞེས་འབྲི་དགོས་པ་ཡིན།