སངས་རྒྱས་སེམས་ཅན་ཡིན་མིན་གྱི་སྐོར།

སློབ་གྲོགས་ཅིག་གིས་བཀའ་འདྲི་ཞུ་རྒྱུ་ཞིག་ལ།
https://lopenling.org/t/topic/886

སངས་རྒྱས་ཞེས་བྱ་བ་དེ་འགྲོ་བ་ཡིན་མིན་དང་། གང་ཟག་ཡིན་མིན། སེམས་ཅན་ཡིན་མིན་འདིར་བཤད་ཚུལ་མི་འདྲ་བ་ཐོས་ནས་དོགས་པ་སྐྱེས་ཏེ།
དེ་ལ་ཁ་ཅིག་གིས་ནི་སངས་རྒྱས་འགྲོ་བ་མ་ཡིན་སེམས་ཅན་ཡིན་ནོ། ཁ་ཅིག་གིས་ནི་སངས་རྒྱས་ལ་འགྲོ་བ་དང་གང་ཟག་གང་རུང་ཞིག་གི་ཁོངས་སུ་ཆུད་པ་མོད་ཀྱི། སེམས་ཅན་གྱི་ཁོངས་སུ་ཆུད་པ་མི་ཡིན་ནོ། དེ་ལྟར་ན་སངས་རྒྱས་ཞེས་བྱ་བ་འདི་གང་ཡིན། ཐུགས་རྗེ་ཆེ།

ནང་པའི་བཤད་ཚུལ་ཡོངས་གྲགས་ལ། སེམས་ཅན་ནི་སངས་མ་རྒྱས་པའི་གང་ཟག་ཐམས་ཅད་ལ་ཟེར། འགྲོ་བ་ནི་ཁམས་གསུམ་གྱི་གང་ཟག་སྟེ། འགྲོ་བ་རིགས་དྲུག་ལ་ཟེར། འགྲོ་བ་ལབ་ན་ལས་ཉོན་མོངས་པའི་གཞན་དབང་དུ་གྱུར་པ་རྣམས་ལ་ཟེར། གང་ཟག་ནི་སངས་རྒྱས་དང་། དགྲ་བཅོམ་པ། འཕགས་པ། སེམས་ཐ་མལ་པ་ཐམས་ཅད་ཀྱི་སྤྱི་མིང་ཡིན། དེ་ལྟ་ན། སངས་རྒྱས་ནི། གང་ཟག་ཡིན་ཀྱང་། འགྲོ་བ་དང་སེམས་ཅན་གང་ཡང་མིན་ནོ། །