སྒོ་ན་དང་སྒོ་ཡི་མདུན་ལ

ང་སྒོ་ན་མི་རྗེས་མེད་པ་དང་། ། ནང་ན་ཁྲག་རྗེས་མེད་པ་རུ། །
རི་ཁྲོད་འདི་རུ་འཆི་ནུས་ན། ། རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །
ངའི་སྒོ་ན་བྲིས་ན་འགྲི་གི་མ་རེད་པས།

འདིའི་སྒོ་ནི་ཕྱི་ལོགས་ཀྱི་དོན་ཡིན། ནང་གི་ལྡོག་ཕྱོགས་ཕྱི་རོལ་གྱི་དོན་ཡིན། བོད་སྐད་ལ། ཕྱི་ལོགས་སུ་སོང་བར་སྒོ་ལ་སོང་དང་། ཕྱི་ལོགས་སུ་འགྲོ་མ་མྱོང་བ་ལ། ས་སྒོ་ལག་མཐིལ་ཙམ་ཡང་འགྲིམས་མ་མྱོང་སོགས་ཟེར། དེ་ལྟ་ན་འདི་ལ་ངའི་ཞེས་འབྲེལ་སྒྲ་སྦྱར་ན་མི་འགྲིག། ང་རང་ཕྱི་ལོགས་ནས་ཟེར་བ་དང་དོན་འདྲ།

ཐུགས་རྗེ་ཆེ།