ཀུན་སློང

ནང་ཆོས་ཉན་དུས་ཀུན་སློང་གཉིས་ཡོད་རེད། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་གཉིས་ཡོད། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ཟེར་ན་གང་རེད།

གཞུང་འདི་ལྟ་བུའི་དྲི་བ་ཆོས་ཚན་གང་ཡིན་དངོས་སུ་བཀོད་ལན་ཡག་པོ་རག་ངེས་སྙམ། དཔེར་ན། ཐབས་རྒྱ་ཆེ་བ་ཟེར་བ་དེ་ལ་འགྲེལ་ཚུལ་ཧ་ཅང་མང་པོ་ཡོང་ཆོག་གི་རེད། བྱས་ཙང་ལན་དོན་ལ་གནས་པ་འདེབས་རྒྱུ་ཁག་པོ་རེད། འདི་ལྟ་བུ་ལ་གྲུབ་མི་འདྲ་བའི་ཁྱད་པར་ཡང་ཡོད་རེད། དཔེར་ན། གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་སེམས་བསྐྱེད་དང་ལྟ་བ་ཁྱད་པར་མེད་པ་འདོད་མཁན་དང་ཡོད་པ་འདོད་མཁན་ལ་ལན་མི་འདྲ་བ་འབྱུང་ངེས་ཡིན། བྱས་ཙང་། གཞུང་གང་ཡིན་གསལ་བོ་ཡོད་ན་དེ་དང་མཐུན་པའི་ལན་གསལ་བོ་ཡོང་གི་རེད།