སྐྱེས་བུ་ཆེན་པོ་དང་སྐྱེས་བུ་ཆུང་བ

སྐྱེས་བུ་ཆེན་པོ་དང་སྐྱེས་བུ་ཆུང་བ་དེ་གཉིས་ཀྱི་ཁྱད་པར་གཙོ་བོ་ག་རེ་རེད།
ངས་སྐྱེས་བུ་ཆུང་བ་ཉམས་ལེན་བྱས་ན་གནོད་སྐྱོན་ག་རེ་ཡོད་རེད།

1 Like

སྐྱེས་བུ་ཆུང་ངུ་ལབ་ན་སྐྱེས་བ་རྗེས་མ་ངན་སོང་ལས་ཐར་ནས་ལྷ་དང་མིའི་ལུས་ཐོབ་པའི་ཆེད་དུ་སྦྱིན་པ་གཏོང་ཡ་དང་ཚུལ་ཁྲིམས་སྲུང་ཡ་སོགས་ཆོས་ཉམས་ལེན་བྱེད་ཀྱི་ཡོད་རེད། སྐྱེས་བུ་ཆེན་པོ་ལབ་ན་དེ་ཙམ་མ་ཡིན་པ་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་ཐར་པའི་ཆེད་དུ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་རྟོགས་པའི་ཤེས་རབ་སོགས་ཉམས་ལེན་བྱེད་ཀྱི་ཡོད་རེད།