སྤྲོས་པ།

སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ།།

སྤྲོས་པའི་དོན་འགྲེལ་བཤད་ཅིག་གནང་རོགས་གནང་།

བདེན་པར་འཛིན་པའི་སྤྲོས་པ་དང་བྲལ་བ། དྲི་མའི་སྤྲོས་པ་དང་བྲལ་བ་ཟེར་གྱི་ཡོད་རེད། དེ་ཡང་བདེན་པ་གྲུབ་པའི་སྐྱེ་འགག །རྟག་ཆད། འགྲོ་འོང་། གཅིག་ཐ་དད་བཅས་མཐའ་བརྒྱད་བཅས་དང་བྲལ་བ་སོགས་གསུང་གི་ཡོད་རེད།།