ཚུལ་ཁྲིམས་བསྲུང་བ།

ཚུལ་ཁྲིམས་རིགས་མང་པོ་ཡོད་ཙང་། གལ་ཆེ་ཤོས་ག་རེ་རེད།

ང་ཚོ་ལྟ་བུ་ཡིན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སྲུང་ན་ཡག་ཤོས་རེད། ལུས་ཀྱི་སྲོག་གཅོད་པ། མ་བྱིན་པ་ལེན་པ། ལོག་གཡེམ་སྟེ་གསུམ་དང་། ངག་གི་རྫུན་ཕྲ་མ་ཚིག་རྩུབ་ངག་འཆལ་བཅས་བཞི་དང་། ཡིད་ཀྱི་བརྣབ་སེམས་གནོད་སེམས་ལོག་ལྟ་བཅས་བསྡོམས་པའི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་གསུང་གི་རེད།