སངས་རྒྱས། སེམས།

ཁ་སང་རྒན་ལགས་ཀྱིས་སངས་རྒྱས་ཚང་མ་སེམས་ཡོད་རེད་གསུངས་སོང་།

འདི་གསུངས་དུས། སྤྲུལ་སྐུ་ཡིན་པའི་སངས་རྒྱས་གསུངས་ཀྱི་ཡོད་པས།

ལོངས་སྐུ་དང་ཆོས་སྐུ་ཡིན་དུས་གཅིག་པ་རེད་པས། སེམས་ཡོད་པས། ཡང་ན། སེམས་ལ་ཟེར་གྱི་ཡོད་པས། གལ་སྲིད་སེམས་མེད་ན། ག་པར་གཞི་བཞག་དགོས་རེད།

གཙོ་བོ་ལོངས་སྐུ་དང་སྤྲུལ་སྐུ་གང་ཡིན་ཡང་རང་ཉིད་ཀྱི་རྒྱུད་ལ་སེམས་ཡོད་ལབ་ཀྱི་ཡོད། དེ་ཡང་སངས་རྒྱས་ཀྱི་ཡེ་ཤེས་ཡོད་པས་སེམས་ཡོད་ཟེར་གྱི་ཡོད། སེམས་ཡིན་ན་ང་ཚོའི་སེམས་ནང་བཞིན་ཉོན་མོངས་དུག་གསུམ་གྱིས་བཅིངས་པ་དེ་འདྲ་ཡིན་དགོས་མ་རེད། གཞན་ངོ་ཉིད་སྐུ་དང་། ཡེ་ཤེས་ཆོས་སྐུ་གཉིས་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་འགོག་ལམ་གཉིས་ལ་གསུང་གི་རེད་བ། དེ་ལ་སེམས་ཡོད་མེད་དྭོགས་པ་མེད་རེད་བ།