ཕ་ཡུལ་སྤོང་བ།

༡ ཕ་ཡུལ་ལབ་ན་ག་རེ་རེད། སོ་སོའི་འདོད་ཆགས་དང་ཞེ་སྡང་སྐྱེས་ས་ཡང་ན་སོ་སོའི་སྐྱེ་ས་ཕ་ཡུལ་སྤོང་ནས་ས་ཆ་གཞན་པ་ལ་གྲྭ་པ་བྱེད་དུ་འགྲོ་དགོས་རེད། འདི་གཉིས་ནས་ག་རེ་རེད། ས་ཆ་གཞན་པ་ལ་འགྲོ་ན་ཡང་གཉེན་དང་དགྲ་གསར་པ་ཐུག་གི་རེད། འདོད་ཆགས་དང་ཞེ་སྡང་མ་སྤོང་ན་རྒྱལ་སྲས་ལག་ལེན་བྱེད་ཐུབ་ཀྱི་མ་རེད།

༢ གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།།
འདི་ནང་གི་གཡོ་ཟེར་བའི་དོན་ག་རེ་རེད། ཆུ་བོ་ནང་བཞིན་རྒྱུན་ཆད་མེད་པར་འགྲོ་བ་རེད། ཡང་ན། ཆུ་ཁོལ་བ་ནང་བཞིན་འདོད་ཆགས་ཤུགས་ཆེན་པོ་སྐྱེ་བ་རེད།

༣་གཉེན་ལ་ཞེ་སྡང་མང་པོ་སྐྱེ་ན་ག་རེ་བྱེད་དགོས་རེད།

1 Like

ཕ་ཡུལ་ལབ་ན་རང་ཉིད་ཞེན་པ་སྐྱེ་སའི་ཡུལ་ཏེ་རང་ཉིད་སྐྱེས་ས་ལ་ལབ་ཀྱི་ཡོད་རེད། དེ་ཡང་དཔེ་ཙམ་ལས་དོན་ལ་རང་ཉིད་གང་དུ་སྡོད་སའི་ཡུལ་དེ་ལ་འདོད་ཆགས་དང་ཞེ་སྡང་སོགས་མེད་པར་ལུས་དང་སེམས་དབེན་པ་ཞིག་ལ་བརྟེན་དགོས་གསུངས་པ་རེད།

ཆུ་ལྟར་གཡོ་ལབ་ན་ཆུ་ཁོལ་བ་ནང་བཞིན་གཡོ་ལབ་ན་ཡག་ས་རེད།

ཞེ་སྡང་སྐྱེ་སའི་དེ་ལ་བྱམས་པ་སྒོམ་ན་ཞེ་སྡང་ཆུང་རུ་འགྲོ་ཡ་ལ་ཕན་ཐོག་ཆེན་པོ་ཡོད། དེ་ཕ་ཕྱོགས་ཀྱི་མི་དེ་རང་ནང་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་སྒོ་ཀུན་ནས་གཅིག་པ་ཡིན་པ་དང་། བདེ་བའི་རྨོངས་ནས་ཡོད་པ་ཡིན་ཙང་། གཞན་ལ་གནོད་བྱེད་པ་སོགས་བྱེད་ཀྱི་ཡོད། དངོས་གནས་བསམ་བློ་གཏོང་ན་ཁོང་ཁྲོའི་ཚབ་ལ་སྙིང་རྗེ་སྐྱེ་ཡ་རེད། དེ་འདྲའི་རྒྱུ་མཚན་མང་པོ་བསམ་བློ་གཏོང་ན་ཕན་ཐོག་ཆེན་པོ་ཡོད་ཀྱི་རེད།