ཤེས་རབ་དང་ཡི་ཤེས

ཤེས་རབ་དང་ཡི་ཤེས་ཀྱི་བེད་སྤྱོད་གཏང་སྟངས་ཁྱད་པ་ག་རེ་རེད།

ཤེས་རབ་དང་ཡི་ཤེས་མ་རེད། ཡེ་ཤེས་རེད། ནང་ཆོས་ནས་བཤད་པ་ལྟར་ན་ཡེ་ཤེས་ནི་ལམ་ཞུགས་གང་ཟག་གི་ཤེས་པ་ལ་གོ་བ་དང་། དེ་ཡང་ཆོས་ཐམས་ཅད་གདོད་མ་ནས་རང་ངོས་ནས་མ་གྲུབ་པའམ། ཡེ་ནས་ཞེས་པ་དང་པོ་ནས་རང་གི་ངོ་བོས་མ་གྲུབ་པར་ཤེས་པའི་ཤེས་པ་ལ་ཡེ་ཤེས་ཟེར། བཀྲ་ཤིས་ཤེས་རབ་མེ་ལྟར་འབར་བ་ཡག་པོ་ཡོད་རེད་ཟེར་བ་དང་། སྐལ་བཟང་ལ་ཤེས་རབ་ཡོད་རེད་དེ་བརྩོན་འགྲུས་ཡོད་མ་རེད་ཟེར་བ་སོགས་ལ། བཀྲ་ཤིས་ལ་ཡེ་ཤེས་ཡོད་རེད་ཟེར་ནས་འབྲི་མི་རུང་བ་ཡིན། མདོར་ན་མི་ཕལ་པ་སྦྱངས་པོ་དང་རིག་པ་ཡག་པོ་ཡོད་མེད་སོགས་བྲི་དུས་ཤེས་རབ་ཡག་པོ་སོགས་ཡོད་མེད་འབྲི་དགོས་པ་ལས་ཡེ་ཤེས་ཡོད་མེད་སོགས་བེད་སྤྱོད་གཏོང་མི་རུང་བ་ཡིན།