ཁྱད་པར།

མི་ཞིག་གིས་ཨ་ཅག་སྒྲོལ་མའི་དངུལ་ཁུག་འཕྲོག་བཞིན་འདུག
མི་ཞིག་གིས་ཨ་ཅག་སྒྲོལ་མའི་དངུལ་ཁུག་འཕྲོག་འདུག
དེ་གཉིས་ཀྱི་ཁྱད་པར་ག་རེ་ཡོད་རེད།

འཕྲོག་བཞིན་འདུག །མི་ཞིག་གིས་ཨ་ཅག་སྒྲོལ་མའི་དངུལ་ཁུག་ལག་པས་བཟུང་ནས་ཚུར་འཐེན། ཨ་ཅག་སྒྲོལ་མས་ཕར་འཐེན་ནས་རྐུན་མ་འདུག་ཟེར་སྐད་རྒྱག་བཞིན་པའི་གནས་སྐབས་ལ་གོ་བ་རེད། འཕྲོག་འདུག །སྤྱིར་བཏང་ནས་འཕྲོག་འདུག་ཟེར་ཆོག་པས། འཕྲོག་ཚར་མ་ཐག་ལ་བེད་སྤྱོད་གཏོང་ཆོག་པས་མི་འདྲ་བ་རེད།
དཔེར་ན། ཤ་ཟ་བཞིན་འདུག་ཟེར་ན་ཤ་ལ་སོ་རྒྱག་བཞིན་པ་དགོས་རེད། ཤ་ཟ་འདུག་ཟེར་ན་སྤྱིར་བཏང་ཤ་ཟ་བའི་གོམས་གཤིས་ཡོད་པ་ལ་ཟེར་བ་རེད།