ཡོད། འདུག ཡིན། རེད། ཚིག་དེ་ཚོ་བྱ་ཚིག་རེད་པས།

ཡོད། འདུག ཡིན། རེད། ཚིག་དེ་ཚོ་བྱ་ཚིག་རེད་པས།
༡ ག་རེ་བྱས་ནས་བྱ་ཚིག་མ་རེད།
༢ བྱས་ཙང་དེ་ཚོ་ག་རེ་ཡི་ཚིག་རེད།
༣ སྤྱིར་བཏང་ཚིག་གྲུབ་ནང་ལ་མཐའ་མ་དེ་ཡིན་གཅིག་མིན་ཅིག་བྱ་ཚིག་དགོས་མ་རེད་པས།
ཚིག་དེ་ཚོ་བྱ་ཚིག་མ་ཡིན་ན་ཚིག་གྲུབ་ནང་བྱ་ཚིག་མེད་པ་ཆགས་ན་དེ་འགྲིག་གི་རེད་པས།

དཔེར་ན།
ཅོག་ཙེ་སྒང་ལ་ཀུ་ཤུ་ཡོད་རེད།
ང་ལ་ཀུ་ཤུ་གཅིག་ཡོད།
ངས་མིང་པདྨ་ཡིན།
ཀུ་ཤུ་དེ་ཚོན་མདོག་དམར་པོ་རེད།

ཡོད་པ་དང་། རེད་སོགས་བྱ་ཚིག་ལ་འགྲོ་བ་ཡོད་པ་མཁས་པ་མང་ཆེ་བས་ཁས་ལེན་གི་མ་རེད། ཡིན་ན་ཡང་ངས་བསམས་ན་བྱ་བའི་རྣམ་འགྱུར་ཤས་ཆུང་ངུ་སྟོན་པའི་སྐབས་ཡོད་པ་ལྟར་མཐོང་གི་འདུག །དཔེར་ན། རང་བཞིན་གྱིས་ཡོད། རྒྱུ་མཚན་དེ་ཡིན་པས་རེད། ཟེར་བ་སོགས་བྱེད་སྒྲ་སྦྱར་བས་བྱ་བ་བྱེད་པ་སྟོན་དགོས་བསམས་འདུག །བྱ་ཚིག་མིན་པར་འདོད་མཁན་གྱིས། ཚིག་གྲུབ་ལ་ངེས་པར་དུ་བྱ་ཚིག་ཡོད་མི་དགོས་ཟེར་ཡོད་ས་རེད། ངའི་མིང་པད་མ་ཡིན། འདི་ཡི་ཡིན་བྱ་ཚིག་བརྒྱ་ཆ་བརྒྱ་ཐམ་པས་མ་རེད། ཚིག་དེས་བྱ་བར་བྱེད་པར་བསྟན་ཡོད་མ་རེད།