བྱ་ཚིག་དུས་གསུམ་གྱུ་དག་ཆ།

བྱ་ཚིག་མང་ཆེ་བའི་དུས་གསུམ་གྱི་དག་ཆ་གཅིག་པ་མ་རེད། སྦྱང་ཡ་དཔེ་དཀའ་ལས་ཁག་པོ་འདུག བྱས་ཙང་དག་ཆ་དེ་ཚོ་ཏོག་ཙམ་ལས་སླ་བ་ཤེས་ཡ་ལ་གང་འདྲ་བྱེད་དགོས་རེད།

དུས་གསུམ་གྱི་འགྲོ་སྟངས་ཡག་པོ་ཤེས་ན་རིགས་འདྲ་མང་པོ་ཡོད་རེད། མ་སྔོན་འཇུག་ཡོད་པའི་བྱ་ཚིག་ཕལ་ཆེ་བ་དུས་གསུམ་ཀ་ལ་གཅིག་པ་རེད། མིའི་གཟུགས་པོའི་ཆ་ཤས་པ་ཚང་མ་ལ་འ་དང་མ་གཉིས་ལས་མ་སྔོན་འཇུག་རེད། དཔེར་ན། མགོ། མཁུར་ཚོས། མགྲིན་པ། མཇིངས་པ། མཆུ། མཁལ་མ། མཆིན་པ། མཇེ། མཆིལ་མ། མཆི་མ། མཁྲིག་མ། མཁྲིས་པ། སོགས་ལྟ་བུ་རེད། དེ་ལ་སོགས་པ་མང་པོ རེད

རང་ལ་འདོད་པ་ཡོད་ན། དུས་གསུམ་སྤྱིར་བཏང་བ། བྱེ་བྲག་པ། ཐོར་བུ་པ་ཞེས་རིགས་གསུམ་ལ་དགར་སྟངས་ཤིག་ཡོད་རེད། དེ་ལ་སྦྱངས་ན་ཅུང་ཙམ་ལས་སླ་བོ་ཡོད་དམ་སྙམ། ཡང་ན་བྱ་ཚིག་གི་ཚིག་མཛོད་དེ་ཚོ་མང་དུ་ཀློག་དགོས་རེད། ཡང་ན། དཔེ་ཆ་མང་པོ་ཀློག་ན་རིམ་གྱིས་གོམས་འགྲོ་རེད།