སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང་།།

སྡུག་བསྔལ་གྱི་འབྱུང་ཁུངས་ “བདག་ཏུ་ལྟ་བ་”རེད་པས།

འདི་ལ་ག་རེ་བྱས་ནས་“བདག་བདེ་འདོད་པ་”བཞག་པ་རེད།

བདག་ཏུ་ལྟ་བ་ལ་རྟེན་ནས་བདག་བདེ་བ་འདོད་པ་དེ་ཡོང་གི་རེད། དེ་ལ་བརྟེན་གཞན་ལ་མ་དགའ་བ་བྱེད་ཡ་དང་། གཞན་ལ་མཐོང་ཆུང་བྱེད་ཡ་དང་། དེ་ཚོ་ཡོང་གི་རེད། དེ་བྱས་ན་གཞན་གྱིས་ཀྱང་རང་ལ་མ་དགའ་བྱེད་ཀྱི་རེད། བྱས་ཙང་འཇིག་རྟེན་འདིའི་ནང་མིས་བཟོས་པའི་དཀའ་ངལ་མང་ཆེ་བ་དེ་བདག་བདེ་བ་འདོད་པ་ལས་ཡོང་གི་ཡོད་པ་གསལ་པོ་རེད་བ།