བསྔོ་བ། (༢)


ཁ་སང་རྒན་ལགས་ཀྱིས་བསྔོ་བའི་ཉམས་ལེན་བྱེད་ཆེད་དུ། སྦྱིན་པ་གཏོང་བའི་སེམས་ཤུགས་སྐྱེད་པའི་སྐོར་འགྲེལ་བཤད་གནང་སོང་།

བསྔོ་བ་དང་། སྦྱིན་པ་གཏོང་བ། ཁྱེད་པར་ཡོད་རེད་པས།


དགེ་བ་བསྔོ་བ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་དང་སྡུག་བསྔལ་དང་བྲལ་བ།

སྨོན་ཚིག་དེ་འདྲ་བསྔོ་བ་ལ་འགྲོ་ཡི་ཡོད་རེད།

སྨོན་ལམ་དེ་དག་ཡང་སྦྱིན་པ་ལ་ཟེར་གྱི་ཡོད་རེད་པས།


བསྔོ་བ་དེ་བྱེད་ཡུལ་ལ་ཕན་ཐོགས་ཡོད་མེད། ངེས་པ་མེད་པ་ཡིན་ཙང་།

གཞན་ལ་ཕན་ཐོགས་པ་དེ། དམིགས་ཡུལ་གཙོ་བོ་ཡིན་ས་མ་རེད།

བསྔོ་བའི་དམིགས་ཡུལ་གཙོ་བོ་དེ། བྱེད་པ་པོ་སོ་སོའི་བསམ་བློ་ཡར་རྒྱས་གཏོང་བ་དེ་རེད་པས།

1 Like

སྦྱིན་པ་གང་གཏོང་བ་ཡིན་ན་བསྔོ་བ་དངོས་གནས་དེ་རེད། སྦྱིན་པའི་རྫས་དེ་ལ་ཅ་ལག་དང་། དགེ་བ་ལ་སོགས་པ་ཡོང་གི་ཡོད་རེད།
རྫས་མེད་པར་སྨོན་ལམ་ཙམ་བྱེད་ན། སྦྱིན་པ་ཟེར་གྱི་མ་རེད།
དེ་གལ་རང་རེད། གཙོ་བོ་རང་གི་བཟང་ཕྱོགས་ཀྱི་བསམ་ཡར་རྒྱས་གཏོང་ཡ་ལ་ཕན་ཐོག་ཆེན་པོ་ཡོད།