དགྲ་གཉེན་ངས་མེད།

དགྲ་གཉེན་ངས་མེད་བསམ་བློ་ལ་འཁོར་ཐུབ་ཀྱི་འདུག ཡིན་ན་ཡང་ལག་ལེན་བྱེད་ཡ་པ་དཀའ་ལས་ཁག་པོ་འདུག བྱས་ཙང་ག་རེ་བྱེད་དགོས་རེད།

དེ་དངོས་གནས་བདེན་པ་རེད། ལག་ལེན་བྱེད་ཡ་དེ་ལས་སླ་པོ་དང་ཡོད་མ་རེད། ཡིན་ནའང་ག་ལེ་ག་ལེ་གོམས་པ་བྱས་ན་ནམ་ཞིག་ལ་ཡོང་ཐུབ་ཀྱི་རེད་བ། སངས་རྒྱས་ཡང་སྔོན་མ་ང་ཚོ་དང་གཅིག་པ་རེད། ཡིན་ན་ཡང་གོམས་པ་བྱས་ནས་རྗེས་མ་སངས་རྒྱས་པ་རེད་བ།