བཟོད་པ་སྒོམ་ཡ།

གཞན་ལ་བཟོད་པ་སྒོམ་ཡ་ལ་ལས་སླ་པོ་འདུག ཡིན་ན་ཡང་ནང་མི་ལ་བཟོད་པ་སྒོམ་ཡ་ལ་པ་དཀའ་ལས་ཁག་པོ་འདུག བྱས་ཙང་ནང་མི་ལ་བཟོད་པ་གང་འདྲ་བྱེད་དགོས་རེད།

1 Like

སོ་སོ་དང་རྒྱུན་དུ་འགྲོག་འདྲིས་ཆེ་བའི་ནང་མི་ནས་འགོ་བཙུགས་སྟེ་བཟོད་པ་ཉམས་ལེན་བྱེད་ཡ་གལ་ཆེ་ཤོས་དེ་རེད། འགྲོག་འདྲིས་དེ་ཙམ་མེད་པའི་མི་ལ་བཟོད་པ་སྒོམ་ཡ་ལས་སླ་པོ་འདྲ་མཐོང་སྲིད་ཀྱང་། དོན་ལ་དཀའ་ལས་ཁག་པོ་རེད། གང་ལྟར་ཁོང་ཁྲོའི་ཉེས་དམིགས་དང་། བཟོད་པའི་ཕན་ཡོན་ལ་བསམ་ནས་བཟོད་པ་སྒོམ་དགོས་པ་ལས་ལྐུགས་པའི་ཨུ་ཚུགས་བྱས་ན་རྒྱུན་འཁྱོངས་བྱེད་ཐུབ་ཁག་པོ་རེད།

1 Like