སྲིད་གསུམ་བདེ་བ་རྩྭ་རྩེའི་ཟིལ་པ་བཞིན།།

མི་ཁ་ཤས་ཀྱི་མི་ཚེ་ནང་ལ་རྒྱུན་རིང་པོ་དང་། མཐའ་མ་བར་དུ་བདེ་པོ་སྐྱིད་པོ་སྡོད་ཀྱི་ཡོད་རེད།

མི་རྟག་པའི་བསམ་བློ་མེད་མཁན་ལ། ནང་ཆོས་ཐོག་ནས། (སྲིད་གསུམ་བདེ་བ་རྩྭ་རྩེའི་ཟིལ་པ་བཞིན།)ཇི་ལྟར་འགྲེལ་བཤད་རྒྱག་ཐུབ།

1 Like

ཕྱིའི་ནམ་དུས་བཞིའི་འགྱུར་བ་དང་། ནང་གི་མི་ཚེ་ཡི་འགྱུར་བ། དཔེར་ན། ན་བ་དང་། རྒས་ཁོག་ཆག་པ། ཤི་བ། ཡང་ན་གོ་གནས་མཐོ་པོ་དེ་ཚོ་གོ་གནས་ཤོར་འགྲོ་བ་དང་། རྒྱུ་ཆེན་པོ་དེ་ཚོ་མཐར་ནོར་ཟད་འགྲོ་ཡ་དང་། ཕ་མ་སྤུན་མཆེད་ཁ་བྲལ་འགྲོ་བ་དང་། གྲོགས་པོ་གྲོགས་མོ་ཁ་བྲལ་འགྲོ་བ། པུ་གུ་བུ་ཕྲུག་བྲལ་བ་དང་། དེ་ཚོ་ལ་བསམ་བློ་གཏོང་ན་རྩྭ་རྩེའི་ཟིལ་དངོས་གནས་རེད་བ། འགྲེལ་བཤད་ཀྱང་དེ་འདྲ་བྱས་ནས་རྒྱག་ན་ཡག་པོ་རེད།