བྱེད་སྒྲ་

རང་བཞིན་གྱིས་གྲུབ་པ་ཟེར་བའི་གྱིས་དེ་བྱེད་སྒྲ་ཡིན་ནམ།
བྱེད་སྒྲ་མ་ཡིན་པའི་གྱིས་ཡོད་རེད་པས།

ས་གྱིས་ཀྱིས་ཡིས་འི་་་ཡིན་ན་བྱེད་སྒྲ་ཡིན་པས་ཁྱབ་ཀྱི་རེད་དམ།

1 Like

རང་བཞིན**་གྱིས་**གྲུབ་པ། རང་གི་མཚན་ཉིད་**ཀྱིས་**གྲུབ་པ།
འགྲུབ་ཚུལ་སྟོན་པའི་བྱེད་སྒྲ་རེད།

ངོས་ནས། གྱིས། ཀྱིས།
རང་བཞིན་གྱི་**ངོས་ནས་གྲུབ་པ། རང་བཞིན་གྱིས་**གྲུབ་པ།
ཐོག་ནས།
རང་གི་མཚན་ཉིད་ཀྱི་**སྒོ་ནས་**གྲུབ་པ། རང་གི་མཚན་ཉིད་**ཀྱིས་**གྲུབ་པ།

རིམ**་གྱིས་**འགྲོ།
མཐར་**གྱིས་**སྒོམ།
ཡུད་**ཀྱིས་**རྫོགས།
དལ་**གྱིས་**འགྲོ། དལ་པོའི་ངང་ནས་འགྲོ། དལ་པོའི་སྒོ་ནས་འགྲོ
དལ་པོའི་ཐོག་ནས་འགྲོ།