ཡང་དག་བརྗེ་བ།

དེ་ཕྱིར་བདག་བདེ་གཞན་གྱི་སྡུག་བསྔལ་དག །
ཡང་དག་བརྗེ་བ་རྒྱལ་སྲས་ལག་ལེན་ཡིན། །

བདག་བདེ་ལབ་ན་རྣམ་པར་འགྱུར་བའི་སྡུག་བསྔལ་རེད་པས། བྱས་ན་གང་འདྲ་སེ་བདག་བདེ་གཞན་གྱི་སྡུག་བསྔལ་བརྗེ་དགོས་རེད།

1 Like

བདག་ལབ་ན་རང་དང་གཞན་ལབ་ན་མི་གཞན། ཡང་སྲོག་ཆགས་གཞན་དང་། ད་ལྟར་ང་ཚོས་རང་གལ་ཆེ་བརྩིས་ནས་གཞན་ཟེར་དུས་རང་ལས་གལ་ཆུང་བ་བྱེད་ཀྱི་ཡོད་རེད་བ། ད་ང་ཚོས་དང་པོ་རང་དང་གཞན་གཉིས་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་མཉམ་པ་བསམ་བློ་བཏང་། དེ་ནས་རིམ་བཞིན་རང་ལས་གཞན་གལ་ཆེ་བ་བརྩི་དགོས། དེ་ལ་རྒྱུ་མཚན་མང་པོ་ཡོད། གཅིག་དེ། རང་ཟེར་གཅིག་དང་། གཞན་ཟེར་ན་མཐའ་ཡས་པ་རེད་བ། གཉིས་ནས་རང་གི་ཡོད་ཚོད་གཞན་ལ་བརྟེན་ནས་ཡོང་གི་ཡོད་པ་སང་ཙང་། སྔར་རང་ཉིད་ཧ་ཅང་གལ་ཆེ་བ་བརྩིས་པ་ཡིན་ཡང་། ད་གཞན་ཟེར་བ་དེ་གལ་ཆེ་བ་བརྩིས་ཏེ་དེ་གཉིས་གོ་ས་བརྗེ་བ་བ་ལ་བདག་གཞན་བརྗེ་བ་ཟེར།