ཆགས་སོགས་འབུར་འཇོགས་བྱེད་པ།

ཡིན་ན་ཡང་ང་ཚོ་སངས་རྒྱས་གོ་འཕོང་དེ་ཐོབ་པ་ལ་འདོད་ཆགས་མེད་ན།
གང་འདྲ་བྱེད་ནས་གོ་འཕོང་ཐོབ་ཀྱི་རེད།
འདི་ལ་སངས་རྒྱས་གོ་འཕོང་ཐོབ་ཡ་ཡི་འདོད་ཆགས་དེ་གང་འདྲ་ལྟ་དགོས་རེད།

1 Like

འདོད་པ་ནི་བྱ་བ་གང་ཞིག་བྱེད་འདོད་པ་ལ་ཟེར། བྱ་བ་སོགས་གང་ཡིན་ཡང་བྱ་བ་དེ་དང་། སོ་སོའི་དམིགས་ཡུལ་དེ་སྒྲུབ་
འདོད་ངེས་པར་དུ་དགོས་ཀྱང་དེ་ཙམ་གྱིས་འདོད་ཆགས་མིན། འདོད་ཆགས་ལབ་ན་དངོས་པའི་གནས་ཚད་ལས་རྒལ་བའི་ཡག་པོ་ཞིག་བལྟས་ནས་དེ་བྱུང་ན་བསམ་པ་དང་། ཡང་ན་དེ་དང་མི་འབྲལ་བ་འདོད་པའི་བློ་ཞིག་ལ་འདོད་ཆགས་ཟེར།