གང་ལ་སྐྱབས་ན་མི་བསླུ་བ།

མི་འཕགས་པ་མ་ཆགས་སྔོན་ལ་གཏི་མུག་ཡོད་ཙང་། སུ་སུ་མི་བབླུ་བའི་སྐྱབས་གནས་ཡིན་མ་ཡིན་ལས་སླ་པོར་ངོས་འཛིན་ཐུབ་ས་མ་རེད།

ཐོག་མར་སྐབས་གནས་འཆོལ་དུས་རྨོངས་དད་དང་། འཁྲུལ་པའི་དཔྱད་ཞིབ། གཞན་བཤད་རྗེས་ཟློས་སོགས་བེད་སྤྱོད་གཏོང་གི་ཡོད་པ་འདྲ།

མི་བབླུ་བའི་སྐྱབས་གནས་ངོས་འཛིན་ཐབས་ཤེས་གང་ཡོད་དམ།

1 Like

མི་སླུ་བའི་སྐྱབས་གནས་ངོས་འཛིན་བྱེད་ཐབས་ཡག་ཤོས་དེ་སོ་སོ་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་བཏང་ནས་སུ་ལ་སྐྱབས་སུ་སོང་ན་འགྲིག་མིན་ལྟ་དགོས། དེ་ཡང་མི་དེའམ་ལྷ་དེས་གང་གསུངས་པ་དེ་དངོས་ཡོད་གནས་ཚུལ་དང་མཐུན་གྱི་འདུག་གམ་མི་འདུག་ལྟ་ཡ་དེ་གལ་ཆེ་ཤོས་རེད། མ་གཏོགས་མི་དེའམ་ཡང་ན་ལྷ་དེ་འཕགས་པ་ཡིན་མིན་ང་ཚོས་ཧ་གོ་ཁག་པོ་རེད། ཁོང་གིས་གསུངས་པ་དེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་མ་ཟད་རིགས་པ་དང་འགལ་བ་འདུག་ན་ཁས་ལེན་མི་དགོས། གཙོ་བོ་སོ་སོས་སོ་སོ་སྐྱབས་ཐུབ་པ་བྱེད་དགོས་ལ། དཀོན་མཆོག་གསུམ་ནི་སྐྱབས་གནས་སླུ་བ་མེད་པ་དེ་ཡིན་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གསུངས་པས་དེ་ལ་ཡིད་ཆེ་བྱེད་ཆོག རང་གིས་རྣམ་དཔྱོད་ཀྱིས་དཔྱད་པ་ཇི་ཙམ་བྱེད་ཀྱང་ད་དུང་ཤེས་ཀྱི་མི་འདུག་ན་མི་ཚད་ལྡན་ཞིག་གི་གསུངས་ལ་གཞི་བྱེད་ནས་བླངས་དོར་ལ་འཇུག་དགོས།