དལ་འབྱོར་མི་ལུས།

ལུས་རྟེན་བཟང་པོའི་འབྱོར་བ་བཅུ་ནང་དུ།

དྲུག་པ་ནི། སངས་རྒྱས་བྱོན་པ་དང་།

བདུན་པ་ནི། ཆོས་གསུངས་པ། ཞེས་པ་རེད།

(སངས་རྒྱས་བྱོན་པ།) སངས་རྒྱས་མ་འབྱོན་པའི་དུས་སུ། སངས་རྒྱས་ཀྱིས་འགྲོ་བ་ལ་ཕན་ཐོགས་ཀྱི་ཡོད་རེད་དམ། ཡོད་ན་བྱེད་ཚུལ་གང་ཡིན་ནམ།

(ཆོས་གསུངས་པ།) སངས་རྒྱས་བྱོན་པའང་ཆོས་མ་གསུངས་པའི་དུས་སུ། སངས་རྒྱས་ཀྱིས་འགྲོ་བ་ལ་ཕན་ཐོགས་ཀྱི་ཡོད་རེད་དམ། ཡོད་ན་བྱེད་ཚུལ་གང་ཡིན་ནམ།

1 Like

སངས་རྒྱས་གླིང་འདི་ལ་མ་ཕེབས་པའི་སྐབས་སུ་འང་གླིང་གཞན་དང་གཞན་ལ་འགྲོ་བའི་དོན་འཛད་ཀྱི་ཡོད། སངས་རྒྱས་ཆོས་མ་གསུངས་ན་ཡང་སྨན་པ་ལ་སོགས་པའི་རྣམ་པར་བསྟན་ནས་འགྲོ་བ་ལ་ཕན་ཐོག་བྱེད་པ་ཡོད།