བྱམས་པ་དང་སྙིང་རྗེ། ཚད་མེད་བཞི།

ང་ཚོས་སྤྱིར་བཏང་བྱམས་པ་དང་སྙིང་རྗེ་ལབ་དུས། ཚད་མེད་བཞི་ནང་གི་གོ་བ་ལེན་དགོས་རེད་པས།
གལ་སྲིད་ཕ་མས་སོ་སོའི་པུ་གུ་ལ་བྱམས་སྙིང་རྗེ་ཡོད་པའང་མི་གཞན་ལ་མེད་ན། འདོད་ཆགས་ལ་མོས་པ་དང་གཉེན་ལ་ཕྱོགས་པའི་བྱམས་སྙིང་རྗེ་བྱམས་སྙིང་རྗེ་ལབ་ན་དག་པ་རེད་དམ།

1 Like

བྱམས་སྙིང་རྗེ་ཡིན་ན་ཚད་མེད་བཞིའི་ནང་གི་བྱམས་སྙིང་ཡིན་མི་དགོས། དེ་ལ་རིགས་མི་འདྲ་བ་མང་པོ་ཡོད། དཔེར་ན་ཕ་མས་རང་གི་པུ་གུ་ལ་བྱམས་སྙིང་རྗེ་ནི་ཚད་ངེས་ཅན་ཞིག་ལས་ཚད་མེད་པ་མ་ཡིན། ཡང་འགའ་ཞིག་འདོད་ཆགས་འདྲེས་པ་དེ་འདྲ་ཡང་ཡོང་གི་རེད། དཔེར་ན། ཕོ་མོ་ཕན་ཚུར་བརྩེ་བ་ལྟ་བུ་རེད།