གྲོགས་ངན་སྤོང་བའི་ཚིགས་བཅད། འགྱུར། སྒྱུར། བསྒྱུར།

གང་དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང་།།
ཐོས་བསམ་བསྒོམ་པའི་བྱ་བ་ཉམས་འགྱུར་ལ།།
བྱམས་དང་སྙིང་རྗེ་མེད་པར་ [འགྱུར་/སྒྱུར་/བསྒྱུར་] བྱེད་པའི།།
གྲོགས་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།

པར་གཞི་གསུམ་མ་འདྲ་བ་ནང་དུ། ཚིག་རྐང་གསུམ་པའི་ནང་ལ་བྱ་ཚིག་ལོགས་དགར་འདུག

དེ་ཚོ་ཚང་མ་གོ་བ་ཡོད་རེད་ཡང་ན་ཁ་ཤས་བརྡ་སྤྲོད་པའི་གཞུང་ལྟར་དུ་མ་འགྲིག་པ་རེད།

སྤྱིར་བཏང་ { [བྱ་ཚིག] + བྱེད } ཡོད་དུས། སྔོན་གྱི་བྱ་ཚིག་བྱེད་འབྲེལ་ལས་ཚིག་ཞིག་དགོས་ཀྱི་རེད་པས།

1 Like

བྱམས་དང་སྙིང་རྗེ་མེད་པར་སྒྱུར་བྱེད་པའི།།

སྒྱུར་ བྱེད་ལས། འདི་རང་དག་པ་ཡིན།

1 Like