དགག་ཚིག།

ཕ་མའི་དྲིན་བརྗེད་ན་ཆོས་མི་དགེ་བ་རེད།
མི་དེ་དགག་ཚིག་རེད་པས།

**མི་**དགེ་བ། སྡུག་བསྔལ་སྐྱེད་བྱེད།
**མི་**རྟག་པ། འགྱུར་བ་འགྲོ་བ།
**མ་**རིག་པ། བདག་འཛིན།

ཚིག་ཟུར་ལ་དགག་ཚིག་ཡོད་ཀྱང་། དགག་ཚིག་དངོས་མིན་པ།
ལེགས་བཤད་སྙིང་པོ། མཇུག་ཏུ། རྩ་ཤེ་ཊིཀ་ཆེན་གྱི་དབུ་ལ།

ཚེ་དཔག་མེད། འོད་དཔག་མེད། ལྷ།
རྟག་པ། འགྱུར་བ་མི་འགྲོ་བ། དགག་པ་ཡིན།

non Veg ཤ་ཡོད།
ཤ་མེད། Veg

དགག་སྒྲ་དང་དགག་ཚིག་དེ་གཉིས་གཅིག་པ་མ་རེད་པས།
མི་རྟག་པ་ཟེར་མཁན་དེ་དགག་སྒྲ་ཡིན་ལ་དགག་ཚིག་མིན་ཡང་ལབ་མཁན་ཡོད་རེད།

1 Like

39:22 དེའི་གཞུག་གུ་དེ་ལ། དགག་ཚིག་ཟེར་མཁན་གཅིག་འདུག མི་དགེ་བ། མི་རྟག་པ། མ་རིག་པ། ད་དེ་ཡང་ཞིབ་ཚགས་པོ་སྦྱོང་ཡ་ཡོད་རེད་ད། གདན་ས་ཁག་སེར་འབྲས་སྤུངས་དགའ་ལྡན་ཞེ་པོ་གཅིག་རྩོད་པ་རྒྱག་དགོས་ཡ་ཡི་ཚིག་རེད། མ་དེ་སླེབས་བསྡད་དུས་ཙམ་པ། དགག་སྒྲ་མེད་འགྲོ་བསམ་གྱི་ཡོད་རེད། མི་མང་པོ་ཡིས། ད་དེ་ལ་བསམ་བློ་འདྲ་མི་འདྲ་གཏོང་གི་ཡོད་རེད། མི་རྟག་པ་་་་མ་རིག་པ་་་་མི་དགེ་བ་་ཟེར་ལབ་དུས་ཙམ་པ་ལ། དེ་གད་དེ་དགག་པ་རེད་པས་་་་མ་རེད་པས་་་ཟེར་བྱས་ནས་་་དགག་ཚིག་རེད་པས། མ་རེད་པས་ཟེར་བྱས་ནས་ལབ་ཡོང་ན། ཚིག་གི་ཟུར་ལ་དགག་ཚིག་ཡོད་ན་ཡང་། དོན་ལ་དགག་ཚིག་མ་ཡིན་པ་ཟེར་དགོས་རེད།

ཚིག་གི་ཟུར་ལ་དགག་ཚིག་ཡོད་ན་ཡང་། དགག་ཚིག་དངོས་མ་ཡིན་པ་རེད། དེ་ཚོ་ཚང་མ་ལོགས་ཚིག་གི་ཟུར་ལ་དགག་ཚིག་ཡོད་ན་ཡང་། དོན་དངོས་ལ་དགག་ཚིག་མ་ཡིན་པ་།

ཚིག་གི་ཟུར་ལ་དགག་ཚིག་ཡོད་ན་ཡང་། དོན་དངོས་ལ་དགག་ཚིག་མ་ཡིན་པ་དེ་འདྲ་ཡང་ཡོད་རེད། དེ་འདྲ་ཡིན་པ་ཡིན་དུས། དཔེར་འདྲ་བོ་ཆ་བཞག་གི་ཡིན་ན། མི་དགེ་བ་ཟེར་ལབ་དུས་ཙམ་པ་ལ་བསམ་བློ་ནང་ལ་ག་འདྲ་ཞིག་འཁོར་གྱི་ཡོད་རེད་ཟེར་ལབ་ན། དགེ་བ་མ་ཡིན་པ་གཅིག་ལ་བསམ་བློ་བཏང་ནས་ལབ་ཀྱི་ཡོད་ན་དགག་ཚིག་ཆགས་འགྲོ་ཡི་རེད་བ། ཡིན་ན་ཡང་མི་དགེ་བ་ཟེར་ཡ་དེའི་དོན་དག་དེ་ག་རེ་རེད་ལབ་དུས་ཙམ་པ་ལ། རང་འདོད་སྡུག་བསྔལ་སྐྱེད་བྱེད།

རང་འདོད་དགེ་བ་སྐྱེད་བྱེད་དེ་དགེ་བ་དང་། རང་འདོད་སྡུག་བསྔལ་སྐྱེད་བྱེད་དེ་མི་དགེ་བ་ཆགས་འགྲོ་དུས་ཙམ་པ་ལ། སྡུག་བསྔལ་སྐྱེད་བར་བྱེད་པའི་ཆ་ནས་མི་དགེ་བ་བཏགས་པ་ཡིན་ཙང་མི་དགེ་བ་དེ་ཡང་ག་རེ་ཡི་ཆ་ནས་བཏགས་པ་རེད་ཟེར་ལབ་དུས། སྡུག་བསྔལ་སྐྱེད་བྱེད་ཡིན་པའི་ཆ་ནས། དེ་འདྲ་ཡིན་ཙང་མི་དགེ་བ་དེ་དོན་དག་ལ་བསམ་བློ་བཏང་ཡོང་ན། མི་དགེ་བ་ལབ་ན་དགེ་བ་མ་ཡིན་པ་ལབ་ན་བསམ་བློ་བཏང་ན་དེ་ཆགས་འགྲོ་ཡི་རེད། ཡིན་ན་ཡང་མི་དགེ་བ་ལབ་དུས་ཙམ་པ་ལ། སྡུག་བསྔལ་སྐྱེད་བྱེད་ལ་གོ་ཡི་ཡོད་པ་ཡིན་དུས། དགག་སྒྲ་མ་རེེད། ད་ག་ནང་བཞིན་གྱིས་མི་རྟག་པ་ལབ་དུས་ཙམ་པ་ལ། རྟག་པ་མ་ཡིན་པ་བསམ་བློ་གཏོང་གི་ཡོད་ན་དགག་པ་ཆགས་འགྲོ་ཡི་རེད་དེ། མི་རྟག་པ་ལ་ག་རེ་ལབ་ཀྱི་ཡོད་རེད། དོན་དག་ལ་འགྱུར་བ་འགྲོ་མཁན་ལབ་ཀྱི་ཡོད་རེད་བ། འགྱུར་བ་འགྲོ་བ་དེ་ལ་མི་རྟག་པ་ལབ་ཀྱི་ཡོད་པ་ཡིན་ཙང་། དགག་བ་མ་རེད་ལབ་ཀྱི་རེད།

ད་ག་ནང་བཞིན་གྱིས་མ་རིག་པ་ལབ་དུས་
རིག་་་་མ་ཤེས་ཡ་ཡིན་ཙང་མ་རིག་པ་རེད་་ལབ་རེད་དེ། ཡིན་ན་ཡང་ནང་ཆོས་ཀྱི་ནང་ལོགས་ལ་མ་རིག་པ་ཟེར་མཁན་དེ་གང་ཟག་གི་བདག་འཛིན་ལ་བཞག་དགོས་རེད། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་འཇུག་པའི་ཐོག་མར་མ་རིག་པ་ཞེས་པ་དེ་ནི་དགའ་བ་ཡི་ལྡོག་ཕྱོགས་ལ་མ་དགའ་བ་་་་དཀར་པོ་དང་དཀར་པོ་མ་ཡིན་པ་ལབ་པ་དེ་ཙམ་གྱིས་མ་རེད། དེ་འདྲ་བའི་མ་རིག་པ་ཞེས་པ་དེ་ནི་རྦེད་དེ་་་རིག་པ་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་་་་གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་ལ་གོ་གི་རེད་་་ལབ་ཡོང་དུས་ཙམ་པ་ལ། མ་རིག་པ་ཟེར་མཁན་དེ་ག་རེ་ལ་གོ་འགྲོ་དགོས་རེད་ཟེར་ན། བདག་འཛིན་ལ་གོ་འགྲོ་ཡི་ཡོད་པ་ཡིན་དུས། ཡང་དགག་སྒྲ་ཆགས་ཀྱི་ཡོད་མ་རེད། ད་དེ་ཚོ་ནང་ཆོས་དང་སྦྱར་བའི་ཐོག་ནས་རེད་ད། སྤྱིར་བཏང་སྐད་ཆ་བཤད་དུས་བོད་སྐད་ནང་ལོགས་ལ། སྤྱིར་བཏང་སྐད་ཆ་བཤད་ན། མི་དགེ་བ་མ་རིག་པ་མི་རྟག་པ་་་དེ་ཚོ་དགག་པ་ཡིན་ལབ་ན་འགྲིག་གི་ཡོད་རེད། ཁྱོད་རྣམ་པ་ཚོ་ནང་ཆོས་སྦྱོང་མཁན་གྱི་་་བསམ་བློ་གཏོང་ཡོང་ན་ཁོང་རང་གི་བཅོམ་ ལ་དམིགས་གསལ་གྱི་གོ་བ་ཡོད་རེད། དེ་འདྲ་ཡིན་པ་ཡིན་ཙང་། ཚིག་གི་ཟུར་ལ་དགག་ཚིག་ཡོད་ཀྱང་དགག་ཚིག་དངོས་མ་ཡིན་པ།

དགག་སྒྲ་དང་དགག་ཚིག་གི་ཁྱད་པ་ག་རེ་ཡོད་རེད། མི་རྟག་པ་དགག་སྒྲ་རེད་པས། ཐུགས་རྗེ་ཆེ་གནང་།

43:55 ཨ་ནི་ཚིག་གི་ཟུར་ལ་དགག་པ་མེད་ན་ཡང། དོན་ལ་དགག་པ་ཡིན་བསྡད་མཁན་དེ་འདྲ་ཡང་ཡོད་ཆོག་གི་རེད། དཔེ་འདྲ་བོ་ཆ་བཞག་པ་ཡིན་ན། ངས་ཁྱོད་རང་ཚོ་ལ་དཔེར་མཚོན་ཞིག་ཞུས་ན། རྟག་པ་ཟེེར་ལབ་ཀྱི་རེད་བ། རྟག་པ་ཟེར་མཁན་དེའི་ནང་ལོགས་ལ་་་དགག་པའི་སྐད་ཆ་དེ་དཔེ་ཤུགས་ཆེན་པོ་ཡོད་རེད། གང་ཡིན་ཟེར་ན་འགྱུར་བ་མ་འགྲོ་བའི་ཚིག་དེ་ལ་རྟག་པ་ལབ་དགོས་རེད་བ། དེ་འདྲ་ཡིན་ཙང་རྟག་པ་ཟེར་མཁན་དེ་དགག་པ་རེད། འགྱུར་བ་མི་འགྲོ་བ། འགྱུར་བ་མི་འགྲོ་བ་ལ་ལབ་ཀྱི་ཡོད་པ་ཡིན་ཙང་། དགག་པ་ཡིན། དཔེ་ཆ་ཡི་སྐད་ཆ་བཤད་སྟངས་རེད་ད། ཚིག་གི་ཟུར་ལ་དགག་པ་ཡི་ཚིག་ཡོད་ན་ཡང་། དགག་སྒྲ་མ་ཡིན་པ། དཔེར་ན་འོད་དཔག་མེད་དང་། ཚེ་དཔག་མེད་ལྟ་བུ། ཚིག་གི་ཟུར་ལ་དགག་པའི་སྒྲ་མེད་ན་ཡང་། དགག་པ་ཡིན་བསྡད་པ་དཔེར་ན་རྟག་པ་ལྟ་བུ། དེ་འདྲ་ཡོད་རེད། དེ་འདྲ་ཡིན་པ་ཡིན་ཙང་། གོང་དུ་བཤད་བཞག་པའི་མི་དགེ་བ་དང་། མི་རྟག་པ་དང་མ་རིག་པ་དེ་གད་དེ་ཡང་། དགག་སྒྲ་མ་རེད། དགག་པ་མ་རེད། དགག་ཚིག་མ་རེད། དེ་བེད་སྤྱོད་བྱེད་ཀྱི་ཡོད། དེ་གད་དེ་དཔེ་གལ་ཆེན་པོ་རེད།

ལྟས་ཨ། ངས་ཁྱོད་རང་ཚོ་བསམ་བློ་གཏོང་ས་གཞན་པ་གཅིག་ལབ་དགོས། ང་ཚོའི་བོད་སྐད་ནང་ལོགས་ལ། དཔེར་ན་ཆ་བཞག་གི་ཡིན་ན། non vegཟེར་གྱི་རེད་བ། ང་ཚོ་ཟ་ཁང་ནང་ལ་ཁ་ལག་གཅིག་ཟ་གར་འགྲོ་བ་ཡིན་ན། ང་non ཡིན་ད་ལབ་དུས་ཙམ་པ་ལ། དབྱིན་ཇི་སྐད་ཀྱི་ནང་ལོགས་ལ་non vegཟེར་དུས་ཙམ་པ་ལ། དགག་པའི་སྐད་ཆ་དཔེ་ཤུགས་ཆེན་པོ་འདུག་ག ཡིན་ན་ཡང་བོད་སྐད་ཀྱི་ནང་ལོགས་ལ་དགག་པའི་སྐད་ཆ་ཁྱོད་ནས་ཡོད་མ་རེད། non veg ལབ་ན་ཤ་ཡོད་རེད། ཡིན་ན་ཡང་བོད་སྐད་ཀྱི་ནང་ལོགས་ལ་ཤ་མེད་ལབ་རེད། ད་ང་ཤ་མེད་ཡིན་ལབ་རེད། དབྱིན་ཇི་ནང་ལ་ལབ་ཡོང་དུས་veg ཆགས་རེད། བོད་སྐད་ནང་ལོགས་ལ་དགག་པའི་སྒྲ་ཡོད་བསྡད་པ། དབྱིན་ཇི་ནང་ལ་མེད་བསྡད་པ། བསམ་བློ་བཏང་ས་ཡི་་་སྐད་ཡིག་སོ་སོ་སོ་སོ་བསམ་བློ་བཏང་ས་མི་འདྲ་བ་ཡོད་རེད་བ། དེ་ནང་བཞིན་བྱས་ནས་ང་ཚོ་གོང་དུ་བཤད་བཞག་པའི་དཔེ་ཆ་དེ་ཚོའི་ནང་ལོགས་ལ་ཡང་། གོ་བ་མི་འདྲ་བ་མི་འདྲ་བ་མི་འདྲ་བ་དེ་འདྲ་ཡོད་རེད། དེ་འདྲ་ཡིན་ཙང་། ཁྱོད་རྣམ་པ་ཚོའི་ལེགས་བཤད་སྙིང་པོ་ཡི་མཇུག་ལ་ཡོད་རེད། དེའི་ཚིག་དེ། དེ་ཚོ་ཡི་སྐོར་གྱི་རྣམ་གཞག་ཡོངས་སུ་རྫོགས་པ་དེ། དགག་པ་དེ་དཔེ་གལ་ཆེན་པོ་ཆགས་བསྡད་ཡོད་རེད་བ། བདེན་པར་མ་གྲུབ་པ་ལབ་ཡ་དེ་ཚོ་དགག་པ་རེད་མ་རེད། མེད་དགག་རེད། མ་ཡིན་དགག་རེད་ཟེར་ནས་རྩོད་པ་མང་པོ་བྱེད་ཡ་ཡོད་རེད་བ། དེ་འདྲ་ཡིན་ཙང། ལེགས་བཤད་སྙིང་པོའི་མཇུག་ལ་ཡོད་རེད། རྩ་ཤེ་ཊིཀ་ཆེན་གྱི་དབུ་ལ་ཡོད་རེད། ག་བ་ལ་ལྟ་ན་འགྲིག་གི་རེད། གཉིས་ཀ་གཅིག་པ་གཅིག་ཀྱང་ཡོད་རེད། ་་་

:pray:ཐུགས་རྗེ་ཆེ་གནང་།

དགག་སྒྲ་དང་དགག་ཚིག་གཅིག་པ་རེད།

མི་རྟག་པ་དེ་དགག་པ་ཡིན་པར་བཞེད་དེ། དཔེར་ན། ཀུན་མཁྱེན་འཇམ་བཞད་སོགས།
ཚིག་ཟུར་ལ་དགག་ཚིག་ཡོད་པས་སོ།།

མི་རྟག་པ་དགག་པ་མིན་པར་བཞེད་དེ། དཔེར་ན། པཎ་ཆེན་བསོད་གྲགས་སོགས།
དོན་དེ་བློ་ལ་ཤར་བའི་ཚེ་དགག་པ་མི་འཆར་བས་སོ།།

དེ་ཁོ་ན་ཉིད། དེ་ཉིད། དགག་པ་ཡིན་ཡང་། དགག་ཚིག་མེད།
ཆེ་དཔག་མེད། དགག་ཚིག་ཡོད་ཀྱང་། དགག་པ་མིན།

2022/01/28 07:55 དགག་པ་དང་དགག་ཚིག་གཉིས་གཅིག་པ་རེད་བསམ་གྱི་འདུག ད་ཡིན་ན་ཡང་སོ་སོ་སོ་སོས་ཡང་དབྱེ་བ་འདྲ་བོ་ཕྱེ་ནས་འགྲོ་ན་ཕྱེ་ཡ་ཡོད་ཀྱི་རེད་དེ། ཡིན་ན་ཡང་དགག་སྒྲ་དང་དགག་ཚིག་གཉིས་་་གཅིག་པ་རེད་བསམ་གྱི་ཡོད། 我認為遮遣法、遮詞、遮聲是一樣意思。

མི་རྟག་པ་ཟེར་མཁན་དེ་དགག་པ་རེད་ལབ་མཁན་ཡོད་རེད།
དགག་པ་ཡིན་པར་བཞེས་མཁན་ཡོད་རེད།
有人覺得無常是遮遣法。

དཔེར་ན་སྒོ་མང་གི་ཡིག་ཆ་སྐུ་མཁྱེན་འཇམ་དབྱངས་བཞད་པ་་་ཁོང་ཚོ་མི་རྟག་པ་དགག་པ་ཡིན་ཟེར་བྱས་ནས་་གསུང་གི་འདུག་ག མི་རྟག་པ་དེ་དགག་པ་ཡིན་ཟེར་དགོས་རེད་།
例如果芒的教科書作者妙音笑大師,他認為無常是遮遣法。

མི་རྟག་པ་དགག་པ་ཡིན་མ་ཡིན་དེ་ལ་གོ་རྒྱུ་གཉིས་ཡོད་རེད། 無常是不是遮遣法有兩種看法:

དྲང་ངེས་ལེགས་བཤད་སྙིང་པོའི་ནང་ལོགས་ལ་དགག་པ་ཞེས་པ་དེ་ནི་ཚིག་གི་ཟུར་ལ་དགག་པའི་ཚིག་ཡོད་པའང་དོན་དེ་བློ་ལ་ཤར་བའི་ཚེ་དགག་པའི་རྣམ་པ་ཅན་དུ་ཤར་བ་གཉིས་ལ་གང་རུང་གཅིག་ལ་འགྲིག་གི་ཡོད་རེད་ཟེར་བྱས་ནས་གསུང་ཡོད་རེད།
《辨了不了義善說》裡面說,即使在詞當中有遮遣詞,但是你要把他認為是遮遣法或不是都可以。

དེ་འདྲ་བྱས་ནས་གསུང་ཡོད་དུས་ཙམ་པ་ལ། ང་རང་གི་བསམ་བློ་གཏོང་སྟངས་བྱས་ནས་འགྲོ་ཡོང་དུས་། དོན་དེ་བློ་ལ་ཤར་ཡོང་དུས་ཙམ་པ་ལ། དགག་པའི་ཆ་རྣམ་པ་ཤར་སོང་ན། དགག་པ་རེད།
我自己的想法是,如果那個詞的意思、內涵,在自己心中顯現出來的樣子是遮遣的那一分的話,就是遮遣法。

ཚིག་ལ་དགག་པ་ཡིན་མ་ཡིན་འབྲེལ་བ་ཡོད་མ་རེད་ཟེར་བྱས་ནས་འདུག་སེ་བྱས་ནས་འགྲོ་བ་ཡིན་ན། མི་རྟག་པ་དེ་དགག་པ་ཡིན་པ་རེད་བཞེད་མཁན་དེ་་་དཔེར་ན་སྐུ་མཁྱེན་འཇམ་དབྱངས་བཞད་པ་སོགས། 他是不是遮遣法,跟他的詞裡面有沒有遮止詞沒有關係,認為無常是遮遣法的是妙音笑大師等等。

ཡིན་ན་ཡང་དེ་གད་དེ་དགག་པ་མ་རེད། ཁོང་ཚོ་དགག་པ་ཡིན་ཟེར་བསྡད་ཡ་དེ་ཚིག་ཟུར་ལ་དགག་ཚིག་ཡོད་རེད་བ།
但是有人認為,那不是遮遣法,妙音笑大師他們會那樣認為只是因為詞裡面有遮止詞。

མི་རྟག་པ་དེ་དགག་པ་མ་རེད་ཟེར་མཁན་ཡོད་རེད། མི་རྟག་པ་མིན་པར་ཟེར་མཁན་ཡོད་རེད། དཔེར་ན་དཔལ་ཆེན་བསོད་གྲགས་སོགས་་་དེ་ཚོས་བཞེད་ཀྱི་ཡོད་མ་རེད།
福稱大師等等認為無常不是遮遣法。

གང་ཡིན་ཟེར་ན། དོན་དེ་བློ་ལ་རྣམ་པ་ཤར་བའི་ཚེ་དགག་པ་མི་འཆར་བས་སོ།因為那個詞的內涵在心裡顯現的時候,沒有顯現出遮止的樣子來。

དགག་པ་དང་བསྒྲུབ་པ་ཟེར་བསྡད་ཡ་དེ་ཡང་་་་་ཚད་མ་རིག་པ་ནང་ལོགས་ལ་ཞེ་པོ་གཅིག་རྩོད་པ་མང་པོ་རྒྱག་བསྡད་ཡོད་རེད།
དགག་པ་དང་གཞན་སེལ་སྐོར་དེ། ཐག་ཆོག་ཡ་སེ་གལ་ཡོད་མ་རེད། ཡིན་ན་ཡང་བསམ་བློ་གཏོང་ས་་་་ཨ་ལས་་་དེ་འདྲ་དེ་འདྲ་ཡིན་པ་འདྲ་བསམ་ན་འགྲིག་གི་ཡོད་རེད།
遮遣法跟成立法,在量學的學習當中有很多辯論。遮遣法跟遣他法,沒有辦法得到確定的答案,但是你只要經過思考後,覺得應該是那樣就可以了。

ཚིག་གི་ཟུར་ལ་དགག་པ་ཡོད་པ་ཙམ་གྱིས་དགག་པ་ཡིན་པས་ཁྱབ་པ་མེད་པ་དེ་ཁ་སང་ང་ཚོ་གསལ་པོ་ཆགས་སོང་ངམ།
僅僅只是詞裡面有遮止詞,不代表這個詞一定是遮遣法。我們上禮拜已經很清楚了。

ཚེ་དཔག་མེད་་་འོག་དཔག་མེད་ལབ་དུས་ཙམ་པ་ལ། དགག་པ་མ་རེད་བ། ཚེ་དཔག་མེད་དང་འོག་དཔག་མེད། ཚིག་གི་ཟུར་ལ་མེད་མེད་མེད་ལབ་ནས་འདུག་ག ཡིན་ན་ཡང་དགག་པ་ཡིན་དགོས་ཡ་ཡོད་མ་རེད། 例如我們說無量壽、無量光,這不是遮遣法,雖然詞當中有無這個字,但是他不一定要是遮遣法。

ཡིན་ན་ཡང་་་དགག་པ་ཡིན་ན་ཡང་ཡིན་ཅིག་མིན་ཅིག་ཚིག་གི་ཟུར་ལ་མེད་དང་མ་་་འདྲ་བོ་ལབ་དགོས་ཡ་ཡོད་མ་རེད། དཔེར་ན་སྟོང་ཉིད་ལབ་ན། དེ་ཁ་ན་ཉིད་ལབ་ན། དགག་པ་རེད་མ་རེད། དགག་པ་རེད་བ། ཡིན་ན་ཡང་ཚིག་གི་ཟུར་ལ་དགག་པ་ཡོད་མ་རེད། དཔེར་ན་ཆ་བཞག་གི་ཡིན་ན། དེ་ཁོ་ན་ཉིད་། དོན་དམ་བདེན་པ། དེ་ཉིད་། དེ་གད་དེ་ལ་དགག་པ་རེེད། ཡིན་ན་ཡང་དགག་པའི་ཚིག་ཡོད་མ་རེད།
是遮止法的話,一定在詞當中有遮止詞嗎?不用,例如空性,沒有遮止詞在裡面,卻是遮法。

ཚེ་དཔག་མེད་ལྟ་བུ་དེ་ལ་ཡ། དགག་ཚིག་ཡོད་ཀྱང་དགག་པ་མིན། ཚེ་དཔག་མེད་དེ་ལ་དགག་ཚིག་ཡོད་རེད། མེད་མེད་ལབ་ཡ་གཅིག་འདུག་ག ཡིན་ན་ཡང་དགག་པ་མ་རེད།
例如無量壽,有遮止詞,但是他不是遮遣法。

ཚེ་དཔག་མེད་ལབ་ན་ལྷ་ལབ་ཀྱི་ཡོད་པ་ཆགས་ཀྱི་ཡོད་རེད།
無量壽是本尊。

སྟོང་པ་ཉིད་་་དེ་ཁོ་ན་ཉིད་ལབ་ན་བདེན་པ་གྲུབ་པས་་་རང་བཞིན་གྱིས་གྲུབ་པས་སྟོང་པ་འདྲ་བོ་གཅིག་བློ་ཡུལ་ལ་འཆར་གྱི་ཡོད་པ་ཡིན་ཙང་དགག་པ་ཡིནའང་དགག་ཚིག་མིན་པ། དགག་ཚིག་ཡོད་ཀྱང་དགག་པ་མ་ཡིན་པ། དེ་འདྲ་ཁྱད་པར་ཏི་སེ་ཏི་སེ་ཡོད་རེད་བ། 空性是自性空,他的意思在心裡顯現出的是遮遣法,因此是遮遣法,但是沒有遮止詞。有些則是雖然有遮止詞,但不是遮遣法。有這樣的區別!

1 Like

ཡིན་ན་ཡང་ངས་བསམ་ན་ཉིད་ཟེར་མཁན་དེ་དགག་ཚིག་འདྲ་བོ་གཅིག་རེད་འདུག

ཉིད།
ཙམ་དང་ཁོ་ནའི་དོནཏེངེས་གཟུངགིསྒྲའམརྣམ་གཅོད་ཀྱི་སྒྲ