སྐྱབས་ཞེས་པ་འདི་བྱ་ཚིག་ཡིན་ནམ།

ལག་ལེན་སོ་བདུན་མ་ལས།

རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། །
འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །
དེ་ཕྱིར་གང་ལ་སྐྱབས་ན་མི་བསླུ་བའི། །
དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན། །

ཚིག་རྐང་གསུམ་པའི་ནང་གི་སྐྱབས་ཞེས་བ་འདི་བྱ་ཚིག་ཡིན་ནམ་ཡང་ན་མིང་ཚིག་ཡིན་ནམ།
སྐྱབས་ན་ཞེས་པའི་ན་འདི་ལ་དོན་ཡིན་ནམ་ཡང་ན་གོ་བ་གཞན་ཞིག་ཡོད་དམ། གལ་སྲིད་ལ་དོན་གང་གི་ཁུངས་སུ་ཡིན་ནམ།

སྐྱབས། བྱ་ཚིག མིང་ཚིག

མིང་ཚིག་ཡིན། སྐུལ་ཚིག་ཅུང་འགྱུར་བ་ལས་བྱུང་བའི་མིང་ཚིག

སྐུལ་ཚིག་ཅུང་འགྱུར་བ་ཟེར་ན་ག་རེ་རེད། ཐུགས་རྗེ་ཆེ།

35:00 བོད་པའི་མིང་ཚིག་བརྒྱ་ཆ་འདྲ་བོ་གཅིག་ཡིན་ན། བརྒྱ་ཆ་དགུ་བཅུ་སེ་འདྲ་བོ་གཅིག་དེ་ག་བ་ལ་བརྟེན་ནས་ཡོང་གི་ཡོད་རེད་ལབ་པ་ཡིན་ན། བྱ་ཚིག་ལ་བརྟེན་ནས་ཡོང་གི་ཡོད་རེད། བོད་པའི་མིང་ཚིག་བརྒྱ་ཆ་དགུ་བཅུ་སེ་ལྷག་དེ་བྱ་ཚིག་སྒྲིག་པ་ལ་བརྟེན་ནས་བྱུང་གི་ཡོད་རེད།

བྱ་ཚིག་ག་འདྲ་སེ་བརྟེན་ནས་བྱུང་ཡོད་རེད་ལབ་ན་ཁག་ལྔ་ཡོད་རེད།

1)ཁག་གཅིག་དེ་མ་འོངས་པ་ལ་བརྟེན་ནས་འདུ་ཡོད་རེད། དཔེར་ན་ཆ་བཞག་གི་ཡིན་ན། གདུལ་བྱ་ལབ་ཡ་འདྲ་བོ་དེ་ཚོ་ཡིན་ན། མ་འོངས་པ་ལ་བརྟེན་ནས་འདུ་ཡོད་རེད།

2)ཁག་ཅིག་དེ་ད་ལྟ་བ་ལ་བརྟེན་ནས་འདུ་ཡོད་རེད། དཔེར་ན་ཆ་བཞག་གི་ཡིན་ན། འགོག་བདེན། འདྲ་བོ་གཅིག་ལབ་པ་ཡིན་ན། འགོག་ཟེར་ཡ་དེ་ད་ལྟ་བ་ཡི་ཚིག་རེད།

3)ཁག་ཅིག་ག་རེ་ལ་བརྟེན་ནས་སྒྲིག་པ་ཡིན་ན། འདས་པ་ལ་བརྟེན་ནས་སྒྲིག་གི་ཡོད་རེད། དཔེར་ན་དགྲ་བཅོམ་པ་ལབ་ན་་འདས་པ་ལ་བརྟེན་ནས་སྒྲིག་གི་ཡོད་རེད།

4)ཁག་ཅིག་ག་རེ་ལ་བརྟེན་ནས་སྒྲིག་ཡོད་རེད་ལབ་ན། སྐུལ་ཚིག་ལ་བརྟེན་ནས་སྒྲིག་གི་ཡོད་རེད། དཔེར་ན་ཆ་བཞག་གི་ཡིན་ན། གདན་ས་ཁག་ནང་ལོགས་ལ་དགེ་སྐོས་ཟེར་ཡ་འདྲ་བོ་དང་། དམ་པའི་ཆོས་ཟེར་བའི་ཆོས། ཆོས་དཀོན་མཆོག་ཟེར་བའི་ཆོས། དེ་ཚོ་སྐུལ་ཚིག་ལ་བརྟེན་ནས་སྒྲིག་ཡོད་རེད།

5)དུས་འདས་པ་ད་ལྟ་བ་མ་འོངས་པ་སྐུལ་ཚིག་གང་ཡང་མ་ཡིན་པ་་་དེ་དང་བྲལ་བ་གཅིག་གི་ཐོག་ནས་ཚུར་སྒྲིག་བཞག་པ་གཅིག་ཡོད་རེད། དཔེར་ན་སྐྱབས་ཟེར་བསྡད་ཡ་གཅིག སྐྱབས་ཟེར་བསྡད་ཡ་དེ་དུས་འདས་པ་ད་ལྟ་བ་མ་འོངས་པ་སྐུལ་ཚིག་གང་ཡང་མ་རེད། ཡིན་ན་ཡང་སྐུལ་ཚིག་ཅུང་འགྱུར་བ་ལས་བྱུང་བའི་མིང་ཚིག་རེད།

1 Like

སྐུལ་ཚིག་ཅུང་འགྱུར་བ་ཟེར་ན་ག་རེ་རེད། ཐུགས་རྗེ་ཆེ།

1 Like