སེམས་བསྐྱེད་ཀྱི་སྐོར།

རྒྱུ་འབྲས་མན་ངག་བདུན་གྱི་ནང་གི་སེམས་བསྐྱེད། དི་བསྐྱེད་ལབ་ན་སྐྱེད་པའི་མ་འོངས་པ་རེད། ཡང་ན་སྐྱེད་པའི་འདས་པ་རེད།

1 Like

སེམས་བསྐྱེད།
མ་འོངས་པ་མེད། འདས་པ་མ་རེད།
དངོས་པོ་གཞན།
བྱ་བའི་ཡུལ་ལ་ཡོད་པའི་བྱ་བ།

ཨ་ལགས་དོར་ཞི། ( བྱ་ཚིག་ལ་དཔྱོད་པ་རིགས་པའི་གྲུ་རྫིངས།) ལས་གསུངས།
གསེར་ཕྲེང་། སེམས་བསྐྱེད། དོན་དུ་གཉེར་བར་བྱ། གཉེར་བར་བྱེད་པ།

བྱ་བའི་ཡུལ་ལ་ཡོད་པའི་བྱ་བ་་་་་་དཔེར་ན་སྐྱེད་བྱ
བྱེད་པ་པོ་ལ་ཡོད་པའི་བྱ་བ་་་་་་་་དཔེར་ན་སྐྱེད་བྱེད།
དེ་འདྲ་གོ་བ་བླངས་པ་ཡིན་ན་འགྲིག་གམ།
ཡང་ན་དེ་གཉིས་ག་རེ་ཡིན་ནམ། ཐུགས་རྗེ་ཆེ་གནང་།

རྒན་ཁྱོད་ཀྱིས་

སེམས་བསྐྱེད་སྐབས་ལ་དོན་དུ་གཉེར་བར་བྱ་བ་དང་། དོན་དུ་གཉེར་བར་བྱེད་པ། དེ་གཉིས་ཀྱི་ཁྱད་པར་དུ་ཕྱེ་ནས་དོན་དུ་གཉེར་བར་བྱ་བ་ཞེས་པ་དེ་སངས་རྒྱས་ཀྱི་ས་ལ་ཡོད་རེད། སངས་རྒྱས་འཕགས་པའི་རྒྱུད་ལ་ དོན་དུ་གཉེར་བར་བྱ་བ་དེ་ཡོད་རེད། གཉེར་བར་བྱེད་པ་ཡོད་མ་རེད། དོན་དུ་གཉེར་བར་བྱ་བ་དེ་ཡིན་ཅིག་མིན་ཅིག་རྟོག་པ་ཡིན་དགོས་ཀྱི་མ་རེད། རྟོག་པ་དང་བཅས་པ་མ་རེད། རྟོག་མེད་ལ་ཡོད་རེད། སངས་རྒྱས་འཕགས་པའི་རྒྱུད་ལ་དོན་དུ་གཉེར་བར་བྱ་བ་ཡོད་རེད། སངས་རྒྱས་འཕགས་པའི་རྒྱུད་ལ་སེམས་བསྐྱེད་ཡོད་རེད།

དེ་ཡིན་ཙང་སྐབས་འདི་ལ་མ་འོངས་པ་དང་ད་ལྟ་བ་ཡི་སྐད་ཆ་གང་ཡང་མ་རེད། བྱ་བའི་ཡུལ་ལ་ཡོད་པའི་བྱ་བ་ཡིན་མ་ཡིན་གྱི་ཁྱད་པར་རེད།

གསུངས་སོང་།

དོན་དུ་གཉེར་བར་བྱ་བ་ཟེར་ཡ་དེ་་་་
ཤེས་པར་བྱ། བཞེད་པར་བྱ། ཟེར་བ་དེ་དང་འདྲ་བོ་རེད་དམ། སྐུལ་ཚིག་དང་འདྲ་བོ་རེད་དམ།

1 Like

ཐུགས་རྗེ་ཆེ་གནང་། :pray:

སངས་རྒྱས་འཕགས་པའི་རྒྱུད་ལ། ཐར་པ་དོན་དུ་གཉེར་བ་ཡོད་དམ། ཞེ་ན།
དོན་དུ་གཉེར་བར་བྱེད་པ། དོན་དུ་གཉེར་བར་བྱ་བ། གཉིས་ལས། དོན་དུ་གཉེར་བར་བྱ་བ། དེ་ཡོད། བྱེད་པ་དེ་མེད།

འབྲི་བར་བྱེད། བྲི་བར་བྱ།
འབྲི་བར་བྱེད། བྱེད་པ་པོའི་ངོས་ནས་སྨྱུ་གུ་སོགས་འགུལ་སྐྱོད་བྱེད་པའི་རྣམ་པ།
བྲི་བར་བྱ། བྱ་ཡུལ་ཡི་གེའི་ངོས་ནས་ཚུར་རྣམ་པ་གཏོད་པ་ཞིག་ལ་ཟེར།

གཉེར་བར་བྱེད། སངས་རྒྱས་ཀྱི་ངོས་ནས་གོམས་པའི་རྩོལ་བ་བྱེད་པ་ལ་ཟེར།
གཉེར་བར་བྱ། རྣམ་མཁྱེན། ཐར་པ་དེའི་ངོས་ནས་འཐོབ་པ་དང་། ཚུར་ཤར་བ་ཞིག་ལ་ཟེར། དེ་སངས་རྒྱས་ཀྱི་རྒྱུད་ལ་ཡོད།