རྒྱུ་འབྲས་མན་ངག་བདུན།

རྒྱུ་འབྲས་མན་ངག་བདུན་ཕན་ཚུན་བར་འབྲེལ་བ་ག་རེ་ཡོད་པ་དེ་འགྲེལ་བཤད་མདོར་བསྡུས་ཙམ་ཞིག་གསུང་རོག་གནང་དང་།

1 Like

རྒྱུ་འབྲས་མན་ངག་བདུན་དེ་ལ་རྒྱུ་དང་འབྲས་བུའི་འབྲེལ་བ་ཡོད་རེད། སྔ་མ་སྔ་མ་རྒྱུ་དང་། ཕྱི་མ་ཕྱི་མ་འབྲས་བུ་རེད། དེ་ཡང་མར་ཤེས་ལ་བརྟེན་ནས་དྲིན་དྲན་པ། དེ་ལ་བརྟེན་ནས་དྲིན་ལན་འཇལ་འདོད་པ། དྲིན་ལན་གང་འདྲ་བྱས་ནས་འཇལ་དགོས་རེད་ལབ་ན། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། སྡུག་བསྔལ་བྲལ་བ་དེ་ཡང་ང་རང་རང་གིས་བྱེད་ཀྱི་ཡིན་བསམ་པའི་ལྷག་བསམ་སྙིང་རྗེ་སྐྱེ་དགོས། དེ་དག་རྒྱུ་དང་། རྒྱུ་དེ་ཚོ་ལ་བརྟེན་ནསའབྲས་བུ་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པ་ལས་གྲོལ་ནས་བདེ་བ་མཐར་ཐུག་པ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ། སེམས་ཅད་ཐམས་ཅད་སྡུག་བསྔལ་ལས་གྲོལ་བ་བྱེད་ཐུབ་མཁན་དེ་སངས་རྒྱས་རེད་འདུག །བྱས་ཙང་། ཐོག་མ་རང་ཉིད་ཀྱིས་སངས་ཀྱི་གོ་འཕང་མ་ཐོབ་ན་ཐབས་མི་འདུག །དེར་བརྟེན་རང་ཉིད་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བྱའོ་བསམ་ནས་སེམས་བསྐྱེད་སྐྱེ་དགོས།