སྦྱིན་པ།

མི་དབུལ་པོ་ཚོར་སྦྱིན་པ་གཏོང་བ་དེ་ཁོང་ཚོའི་བེད་སྤྱོད་ལོག་པར་གཏོང་བ་ཡིན་ན། རང་ཉིད་ལ་དགེ་བ་ཡོད་དམ། ཡང་ན་སྡིག་པ་ཡོད་རེད།

1 Like

རང་གིས་ཀུན་སློང་རྣམ་དག་གིས་སྦྱིན་པ་གཏོང་པ་ཡིན་ན་གཞན་གྱིས་བྱ་སྤྱོད་ལ་རང་གིས་ཚད་འཛིན་བྱེད་མི་ཐུབ་པས་གཞན་གྱིས་གང་བྱེད་ཀྱང་རང་ཉིད་ལ་དགེ་བ་ཡོད། སྤྱི་བཏང་སྦྱིན་པའི་རྫས་དེ་མི་ལ་གནོད་པའི་དུག་དང་། གཞན་གསོད་བྱེད་ཀྱི་མཚོན་ཆ་སོགས་མ་ཡིན་པ་ཞིག་དགོས།