བཟོད་པ་སྒོམ་ན་རིམ་པ་ཡོད་རེད་པས

ཞུམ་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན།།

ཡིན་ན་ཡང་ང་ཚོ་སོ་སོའི་ཉམས་ལེན་གྱི་རིམ་པ་དེ་འདྲའི་མཐོ་པོ་མེད་ན།
གཅིག་བྱས་ན་ང་ཚོ་ཡི་གནོད་ཤུགས་ཆགས་པ་རེད།
དེ་འདྲ་ཡིན་ན་བཟོད་པ་ཡང་སྒོམ་དགོས་རེད་པས།

ཡང་ན་བཟོད་པ་སྒོམ་པ་ལ་ཡང་རིམ་པ་ཡོད་རེད་པས།
ང་ཚོ་དེ་རེ་རེ་བྱས་ནས་བྱེད་དགོས་རེད་པས།

བཟོད་པ་སྒོམ་ཡ་དེ་ཆུང་ཆུང་ནས་ཆེ་རུ་ཆེ་རུ་གཏོང་ན་ཡག་པོ་རེད། དང་པོ་ནས་བྱང་ཆུབ་སེམས་དཔའི་ཉམས་ལེན་བཞིན་ཆེ་པོ་ཉམས་ལེན་བྱེད་མི་ཐུབ། འོན་ཀྱང་། གནོད་བྱེད་གང་འདྲ་ཞིག་བྱུང་ནའང་བཟོད་པའི་ཉམས་ལེན་བྱེད་ཨེ་ཐུབ་ལྟ་ཡ་དེ་གལ་ཆེན་པོ་རེད་ལ། གང་ཐུབ་པ་དེ་བྱེད་དགོས།