དང་སྒྲ་གི་སྐོར།

དང་ནི་སྡུད་འབྱེད་རྒྱུ་མཚན་དང་། ། ཚེ་སྐབས་གདམས་ངག་ལྔ་ལ་འཇུག །

༡ སྡུད་པ་དང་འབྱེད་པ་དང་རྒྱུ་མཚན་དང་ཚེ་སྐབས་དང་གདམས་ངག་ལྔ་ལ་དཔེར་གསུངས་རོགས་གནང།
༢ དང་དེ་རྒྱུ་མཚན་ཡིན་པར་གང་འདྲ་བེད་སྤྱོད་བྱེད་དགོས་རེད།
༣ དང་ལྡན་པ། དང་ཐུན་མོང་བ། དང་འདྲ་བ། དང་གཅིག དང་ཐ་དད། ག་རེ་རེད།

1 Like

༡) པད་མ་དང་། མེ་ཏོག་དང་། རིན་ཆེན་དང་། བཤད་སྒྲུབ་དང་། ཇེ་སི་ཀ་ང་ཚོའི་སློབ་མ་རེད། ( སྡུད་པ།)
༢) ང་ཚོའི་སློབ་མ་ནི། པད་མ་དང་། མེ་ཏོག་དང་། རིན་ཆེན་དང་། བཤད་སྒྲུབ་བཅས་རེད། ( འབྱེད་པ།)
༣) ཉི་མ་ཤར་བ་དང་ནམ་ལངས་པར་ཤེས། ( རྒྱུ་མཚན)
༤ ཉི་མ་ཤར་བ་དང་ནམ་ལངས། ( ཚེ་སྐབས།)
༥ བྱོས་དང་། ལྟོས་དང་། ཤོད་དང་། གདམས་ངག

ཆུ་ཚོད་༤ ཟིན་པ་དང་སློབ་གྲྭ་ཚུགས།

ཆུ་ཚོད་༤ ཟིན་པ་དང་སློབ་གྲྭ་ཚུགས་པར་ཤེས།

དཀོན་མཆོག་གསུམ་པོར་རྒྱུན་དུ་མཆོད་པ་དང་།། ( རྒྱུ་མཚན)
དཀོན་མཆོག་གསུམ་གྱི་བྱིན་རླབས་འཇུག་པར་ཤོག།