ཆེད་དུ་དང་དོན་དུ

དེ་ལ་ལྟ་ནས་ཆེད་དུ་དང་དོན་དུ་་་་དོན་དག་གཅིག་པ་ཡིན་ས་མ་རེད། ཡིན་ན་ཡང་རྒན་ཁ་ཤས་ཀྱིས་དོན་དུ་དང་ཆེད་དུ་དོན་དག་གཅིག་པ་རེད་གསུང་འདུག

1 Like

དོན་དུ། ཆེད་དུ། སླད་དུ། ཕྱིར་དུ། དོན་གཅིག་རེད།

ནང་ཆོས་སྦྱོང་བའི་**དོན་དུ་**བོད་ཡིག་སྦྱོང་།
བོད་ཡིག་སྦྱོང་བའི་**ཆེད་དུ་**འཛིན་གྲྭ་ཞུགས།
འཛིན་གྲྭའི་**སླད་དུ་**ཐོ་འགོད་བྱེད།
ཐོ་འགོད་ཕྱིར་དུ་ལས་ཁུངས་སུ་འགྲོ།

ཆེད་དུ། དགོས་པ།

ཕྱིར་དུ། རྒྱུ་མཚན།