དུས་གསུམ།

ལག་ལེན་སོ་བདུན་མ་ལས།
རང་གི་ཞེ་སྡང་དགྲ་བོ་མ་བཏུལ་ན། །
ཕྱི་རོལ་དགྲ་བོ་བཏུལ་ཞིང་འཕེལ་བར་འགྱུར། །
དེ་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས། །
རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན། །

ཚིག་རྐང་རེ་རེ་ལ་དུས་གསུམ་འདྲ་མིན་བཞག་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
དཔེར་ན་རང་གི་ཞེ་སྡང་དགྲ་བོ་མ་(བཏུལ་)ན་
རང་རྒྱུད་(འདུལ་)བ་རྒྱལ་སྲས་ལག་ལེན་ཡིན

1 Like

ལག་ལེན་སོ་བདུན་མ་ལས།
རང་གི་ཞེ་སྡང་དགྲ་བོ་མ་**བཏུལ་**ན། །
ཕྱི་རོལ་དགྲ་བོ་བཏུལ་ཞིང་འཕེལ་བར་འགྱུར། །
དེ་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས། །
རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན། །

མ་བཏུལ་ན། **ན་**ཡིག་དང་ལྷན་དུ་སླེབས་པའི་བྱ་ཚིག་དེ་ལ་འདས་པ་འབྲི་དགོས།
མ་**བྲིས་**ན་ཤེས་ཀྱི་མ་རེད། མ་**ཟས་**ན་གྲོད་ཁོག་ལྟོགས།
མ་**བཅད་**ན་ཆོད་ཀྱི་མ་རེད།
( བརྟག་པ་མཐའ་བཟུང་གི་སྐབས་ལ་འདས་པ་འབྲི་དགོས།)

རང་རྒྱུད་འདུལ་བ། རྒྱལ་སྲས་ལག་ལེན།

སྒྲིབ་པ་སྤོང་བ།
སྒྲིབ་པ་སྤངས་པ།

རང་མ་**དུལ་**བས་གཞན་**འདུལ་**བའི་གནས་མེད་པས།
གཞན་**འདུལ་**བའི་གང་ཟག་དེས་ཐོག་མར་རང་རྒྱུད་བཏུལ་
བ་ཞིག་དགོས་སོ།།

བརྟག་པ་མཐའ་བཟུང་ཟེར་བ་དེ་དོན་དག་ག་རེ་ཡིན་ནམ།

1 Like

བརྟག་པ་མཐའ་བཟུང་ཟེར་བ་དེ་དོན་དག་ག་རེ་ཡིན་ནམ། ཐུགས་རྗེ་ཆེ་གནང་།