སློབ་དཔོན་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་སྒྲུབ་པའི་གཏམ་རྒྱུད།

འཛིན་གྲྭ་དགུ་པ། སློབ་དཔོན་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་སྒྲུབ་པའི་གཏམ་རྒྱུད།
སྦྱོང་ཚན་ནང་ལ། ཚིག་གྲུབ་མ་འདྲ་བ་རིའུ་མིག་རིགས་གསུམ་ནང་ལ་བླུག་དགོས་རེད། རིའུ་མིག་རིགས་སྲོག་ཡོད་ཀྱི་མིང་དང་། དངོས་པོའི་མིང་། བྱ་ཚིག་གསུམ་ཡིན།
ཚིག་རྣམས་ནང་དུ་རྗེ་བཙུན་བྱམས་པ་འདུག རྗེ་བཙུན་བྱམས་པ་ག་པར་བླུག་དགོས་རེད། སྲོག་གི་མཚན་ཉིད་ག་རེ་རེད། རྗེ་བཙུན་བྱམས་པ་ལ་སྲོག་ཡོད་མེད་གང་འདྲ་སེ་གོ་དགོས་རེད།

འོ་རེད། སྲོག་ཟེར་ན་ལུས་དང་སེམས་གཉིས་མ་འབྲལ་བ་བྱེད་པའི་ནུས་པ་ཞིག་རེད། ནམ་ཞིག་ལུས་དང་གཉིས་ཁ་ཁར་བྲལ་བའི་ཚེ་ཤི་བའམ། སྲོག་ཆད་པ་ཟེར། རྗེ་བཙུན་བྱམས་པ་ནི་ལྷ་ཡིན་པས། ལྷ་དང་མི་གང་ཡིན་ནའང་ལུས་དང་སེམས་གཉིས་ཡོད་པས་སྲོག་ཡོད་པར་བཞག་དགོས། དེར་བརྟེན་རྗེ་བཙུན་བྱམས་པ་འང་སྲོག་ཡོད་པའི་ནང་དུ་བཞག་དགོས། ང་ཚོས་རྗེ་བཙུན་བྱམས་པ་དངོས་སུ་མ་མཐོང་བ་དེའང་ཁག་མེད། འཕགས་པ་ཐོག་མེད་ལའང་དཀའ་ལས་ག་ཚོད་འཕྲད་འདུག །སྤྱི་བཏང་ལྷ་དང་ཀླུ་སོགས་ང་ཚོ་ལ་ལྐོག་འགྱུར་ཡིན་པས་གང་ཡིན་བཤད་དཀའ། འོན་ཀྱང་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད།

ཐུགས་རྗེ་ཆེ། རྒན་ལགས། འཕགས་པ་ཐོག་མེད་ཀྱིས་མཐའ་མར་མཟལ་ཐུབ་པའི་རྗེ་བཙུན་བྱམས་པ་ལོངས་སྐུ་ཡིན་པས། ལུས་དང་སེམས་གཉིས་ལ་སྟེན་གྱི་ཡོད་པས། ཡོད་པ་ཉིད་གང་འདྲ་ཞིག་རེད།
སྲོག་ཆགས་དང་སེམས་ཅན་དོན་གཅིག་རེད་པས། སོྲོག་དང་གསོན་པོ་དོན་གཅིག་རེད་པས།

སངས་རྒྱས་དང་སེམས་ཅན་གང་ཡིན་ཡང་། ལུས་དང་སེམས་གཉིས་ཀ་ཡོད་པའི་སྲོག་ཆགས་རེད། སྲོག་ཆགས་ཡིན་ན་སེམས་ཅན་ཡིན་མི་དགོས། སངས་རྒྱས་ཀྱང་སྲོག་ཆགས་རེད། སྲོག་ཟེར་ན་ལུས་དང་སེམས་གཉིས་མི་འབྲལ་བ་བྱེད་པའི་ནུས་པ་ཞིག་རེད། ནུས་པ་དེ་མ་ཉམས་པ་གནས་ཡོད་ན་མིའམ་སེམས་ཅན་སངས་རྒྱས་གང་ཡིན་ཡང་གསོན་པོ་རེད། སྲོག་དང་གསོན་པོ་དོན་གཅིག་མིན་ཡང་། ནུས་པ་དང་ནུས་པ་ཡོད་མཁན་གཉིས་ལྟ་བུ་རེད།

1 Like