ཐེ་ཚོམ་དེས་ཡུལ་རྟོགས་ཀྱི་རེད་དམ།

ཚད་མ་མ་སྐྱེད་བར་དུ་ཐེ་ཚོམ་འདུག་ཟེར་གྱི་འདུག
ཐེ་ཚོམ་དེས་ཡུལ་རྟོགས་ཀྱི་རེད་དམ།
ཡུལ་མ་རྟོགས་པའི་བློ་རེད་དམ།

1 Like

ཐེ་ཚོམ་གྱིས་ཡུལ་རྟོགས་ཀྱི་མ་རེད། ཐེ་ཚོམ་ནི་ཡུལ་མ་རྟོགས་པའི་བློ་རེད། བློ་རིག་བདུན་གྱི་ནང་ནས་མངོན་སུམ། རྗེས་དཔག །དཔྱད་ཤེས་གསུམ་ཡུལ་རྟོགས་པའི་བློ་དང་། ཡུལ་དཔྱོད། ཐེ་ཚོམ། ལོག་ཤེས། སྣང་ལ་མ་ངེས་པའི་བློ་བཞི་ཡུལ་མ་རྟོགས་པའི་བློ་རེད།