ཉིན་དང་མཚན་དུ་གཡེལ་བ་མེད་པ།

ཉིན་དང་མཚན་དུ་གཡེལ་བ་མེད་པར་ནི།།
ཉན་སེམས་བསྒོམ་པ་རྒྱལ་སྲས་ལག་ལེན་ཡིན།།

འགྲེལ་བ་ཞིག་ནང་དུ། ཉིན་མོར་འཇིག་རྟེན་གྱི་བྱ་བ་ལ་གཡེང་བ་དང་། མཚན་མོར་གཏི་མུག་གཉིད་ཀྱི་དབང་དུ་ཤོར་ནས་རྨི་ལམ་སོགས་ལ་གཡེང་སོང་བ་མ་ཡིན་པར་ཉིན་མཚན་གཡེལ་བ་མེད་པ་ཞིག་གིས་དམ་པའི་ཆོས་ཉན་སེམས་སྒོམ་གསུམ་ལ་བརྩོན་ན་རྒྱལ་སྲས་བྱང་ཆུབ་སེམས་པའི་ཉམས་ལེན་ཡིན་ནོ་ལབ་པ་རེད།

མཚན་མོ་ཉལ་བའི་སྐབས་སུ་དགེ་བའི་ལས་ག་འདྲ་སེ་བྱེད་ཐུབ་ཀྱི་རེད།

1 Like

དྲི་བ་དཔེ་ཡག་པོ། ཉམས་ལེན་ཚད་མཐོ་པོར་སླེབས་སྐབས་རྨི་ལམ་གྱི་གནས་སྐབས་སུའང་ཉམས་ལེན་བྱེད་ཐུབ་ཀྱི་ཡོད་ས་རེད། ཡིན་ན་ཡང་ང་ཚོ་ལྟ་བུས་ཁག་པོ་རེད། ང་ཚོས་གང་བྱེད་དགོས་ཟེར་ན། བྱ་བ་བཟང་ངན་གང་ཡིན་ཡང་ཀུན་སློང་ལ་འབྲེལ་བ་ཆེན་པོ་ཡོད་པར་བརྟེན། ང་ཚོས་ཉལ་ཁར་དགེ་བའི་བསམ་བློ། སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས། གཞན་ཕན་གྱི་བསམ་བློ་ལ་སོགས་པའི་དགེ་བའི་བསམ་བློ་བཏང་ནས་གཉིད་ཁུག་སོང་ན་གཉིད་གཞན་འགྱུར་ཡིན་པས་གཉིད་ཚང་མ་དགེ་བར་འགྱུར་གྱི་རེད། དེ་བཞིན་མི་དགེ་བསམ་བློ་བཏང་ནས་གཉིད་སོང་ན་གཉིད་མི་དགེ་བ་ཆགས་ཀྱི་རེད། བྱས་ཙང་། ཉལ་ཁར་དགེ་བའི་བསམ་བློ་གཏོང་ཡ་དེ་གལ་ཆེན་པོ་རེད།

1 Like