ཕྱོགས་གསུམ་

མི་རྟག་པར་སྒྲུབ་པའི་ཕྱོགས་ཞེས་པའི་ཕྱོགས་དེ་ལ་མིང་འཇུག་ས་ཡི་ཕྱོགས་གསུམ་ཡོད་དེ།

༡ སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཞེས་པའི་ཕྱོགས།
༢ མཐུན་ཕྱོགས་ལ་ཡོད་མེད་ཞེས་པའི་ཕྱོགས།
༣ མི་མཐུན་ཕྱོགས་ཞེས་པའི་ཕྱོགས།

ཕྱོགས་ཡོད་ས་དེ་གྲངས་ཀ་གསུམ་ཡོད་རེད།
ཁོང་ཚོའི་འཇུག་ས་ཁག་ཁག་འཇུག་དགོས་རེད། དང་པོ་ཕྱོགས་ཆོས་ཞེས་པའི་ཕྱོགས་དེ་ཤེས་འདོད་ཆོས་ཅན་དེ་གོ་དགོས་རེད། གཉིས་པ་དང་གསུམ་པ་ག་རེ་འཇུག་གི་ཡོད་རེད།

བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པ་སྒྲུབ་པ་ལྟ་བུ་ཡིན་ན། དང་པོ་ཤེས་འདོད་ཆོས་ཅན་སྒྲ་དང་། གཉིས་པ་སྒྲུབ་བྱའི་ཆོས་མི་རྟག་པ། གསུམ་པ་མི་རྟག་པ་མ་ཡིན་པ་བཅས་གསུམ་རེད། དེ་བཞིན་དུ་རྟགས་གཞན་ལའང་གཅིག་པ་རེད།