ཕ་ཡུལ་དང་དབེན་པ།

ཕ་ཡུལ་སྤོང་བ་དང་དབེན་པ་བསྟེན་པ་ཚིག་བཅད་གཉིས་ནང་ལ། ཕ་ཡུལ་དང་དབེན་པ་རེ་རེ་བཞིན་དུ་མཐུན་མོངས་དང་མཐུན་མོངས་མ་ཡིན་པའི་དོན་དག་ཡོད། གསུང་ཆོས་ནང་དུ་མཚམས་རེ་མཐུན་མོངས་ཀྱི་དོན་དག་ལ་བེད་སྤྱོད་གཏོང་གི་ཡོད། མཚམས་རེ་མཐུན་མོངས་མ་ཡིན་པའི་དོན་དག་ལ་བེད་སྤྱོད་གཏོང་གི་ཡོད། མཐུན་མོངས་ཀྱི་དོན་དག་ལས་དང་པོ་པར་སློབ་ཀྱི་ཡོད་དམ། མཐུན་མོངས་མ་ཡིན་པའི་དོན་དག་ཉམས་མྱོང་ཅན་གྱི་ལག་ལེན་པར་སློབ་ཀྱི་ཡོད་དམ།

1 Like

ཕ་ཡུལ་སྤོང་པ་ལབ་ན་ཕ་ཡུལ་ལ་ཞེ་ཆགས་ཆེན་པོ་མ་བྱེད་ཟེར་བ་དང་། ལུས་འདུ་འཛིན་གྱིས་དབེན་པ་དང་།་སེམས་རྣམ་རྟོག་གིས་དབེན་པ་ལ་དབེན་པ་ཟེར། སྤྱི་བཏང་ཕ་ཡུལ་དང་ཐག་རིང་པོ་བསྡད་ན་ཉམས་ལེན་བྱེད་ཐུབ་ཡ་ལ་ཕན་ཐོག་ཡོད། ཡིན་ན་ཡང་གཙོ་བོ་རང་ཉིད་གང་དུ་གནས་ཀྱང་སེམས་དབེན་པ་བསྟེན་ཡ་དེ་གལ་ཆེ་ཤོས་རེད།