སྣང་བ་གི་སྐོར།

ལག་ལེན་སོ་བདུན་མ་ལས།
ཇི་ལྟར་སྣང་བ་འདི་དག་རང་གི་སེམས།
སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ།

གལ་སྲིད་སེམས་ཀྱི་ངོ་བོ་སྤྲོས་པའི་མཐའ་དང་བྲལ་བ་ཡིན་ན། ག་རེ་བྱས་ནས་སེམས་ཀྱིས་སྣང་བ་དེ་ཤར་གྱི་ཡོད་རེད།

1 Like

ང་ཚོའི་སེམས་དེ་ཉིད་བདེན་འཛིན་ལ་སོགས་པའི་སྤྲོས་པ་ཚང་མ་དང་བྲལ་བའི་འོད་གསལ་བ་རེད། ང་ཚོའི་ཉོན་མོངས་པ་ཚང་མ་སེམས་ཀྱི་དང་བཞིན་ལ་ཞུགས་མེད་པ་ཡིན་ཙང་། གཉེན་པོ་གོམས་ན་ནམ་ཞིག་ལ་དེ་ཚོ་ཚང་མ་མེད་པ་བཟོ་ཐུབ་ཀྱི་རེད། དཔེར་ན། གོས་ཀྱི་དྲེགས་པ་དེ་ཚོ་གོས་ཀྱི་རང་བཞིན་ལ་ཞུགས་མེད་པ་ཡིན་ཙང་། ཁྱུས་རྒྱག་ན་གཙང་མ་བཟོ་ཡ་ཡོད་པ་ནང་བཞིན་རེད།
སེམས་སལ་སྣང་བ་དེ་དག་རྣམ་རྟོག་གི་དབང་གིས་རེད།