ན་དང་ནས་ཀྱི་སྔོན་དུ་དུས་གསུམ་གང་འབྲི་དགོས།

རྒྱ་གར་ནས་བོད་ལ་གནམ་གྲུ་ནང་འགྲོ་ན་ཡུད་ཙམ་ལ་སླེབ་ཀྱི་རེད། ཡིན་ན་ཡང་། གོམ་པ་རྒྱབ་ནས་ཕྱིན་ན་ཟླ་བ་མང་པོ་འགོར་གྱི་རེད།

ན།
གནམ་གྲུའི་ནང་ཕྱིན་**ན་**མགྲོགས་པོར་སླེབ།

ན་དེ་བརྟག་པ་མཐའ་བཟུང་གི་དབང་དུ་བྱས་ན། དེའི་སྔོན་གྱི་བྱ་ཚིག་དེ་ངེས་པར་དུ་འདས་པ་ཡིན་དགོས།

དབང་དུ་བཏང་ན། སྒྲིབ་པ་**སྤངས་**ན་སངས་རྒྱས།
ཆར་པ་**བབ་**ན་འཛིན་གྲྭ་མེད།