བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་

ག་དུས་བྱེད་སྒྲ་བེད་སྤྱོད་བྱེད་དགོས་རེད། ཡང་། བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་སྐོར་ལ་འགྲེལ་བཤད་གནང་རོགས།

བྱེད་སྒྲ།
༡ བྱེད་པོ་ཡོད་པ།
༢ བྱ་བ་ཡོད་པ།
༣ ཕྲད་ཡོད་པ།
༤ བྱ་བ་བྱེད་མཁན་དེ་གོང་གི་བྱེད་པ་པོ་དེ་ཡིན་དགོས་པ།

བསྟན་འཛིན་གྱིས་ཀློག བྱེད་སྒྲ་རེད། ཡོངས་གྲགས་རེད།

བསྟན་འཛིན་གྱིས་ ཕ་མས་**བསྐུར་**བའི་དེབ་དེ་**ཀློག་**བཞིན་འདུག

བྱེད་འབྲེལ།
ག་རེ། སུ་ཡིས། གཉིས་ཀྱི་ལན་སོ་སོར་ཡོད་པ།
འབྲི། ག་རེ། ཡི་གེ་ སུ་ཡིས། བཀྲ་ཤིས་ཀྱིས་

བྱེད་མེད།
ག་རེ། སུ་ཡིས། གཉིས་ཀྱི་ལན་སོ་སོར་མེད་པ།
ཆར་པ་བབ།

ག་རེ། ཆར་པ་བབ། སུ་ཡིས་་་་་་ལན་མེད།
འགྲོ།
ག་རེ་འགྲོ། སློབ་ཕྲུག་འགྲོ། སུ་འགྲོ ལན་མེད།