གཞན་པ་མི་མཐུན་ཕྱོགས་

མི་རྟག་པ་རྟགས་ཀྱིས་སྒྲ་ཡོད་པ་སྒྲུབ་པའི་གཞན་པ་མི་མཐུན་ཕྱོགས་དེ་ཡོད་མ་རེད་གསུང་འདུག ག་རེ་བྱས་ནས་ཡོད་མ་རེད། དེའི་འགལ་བ་མི་མཐུན་ཕྱོགས་དེ་མེད་པ་བཞག མེད་པ་མི་མཐུན་ཕྱོགས་དེ་རི་བོང་རྭ་བཞག དེ་ནས་གཞན་པ་མི་མཐུན་ཕྱོགས་དེ་མེད་པ་ཡིན་པ་གང་ཞིག་རི་བོང་རྭ་མ་ཡིན་པ་གཅིག་བཞག་ན་དཔེར་ན་ནམ་མཁའི་མེ་ཏོག་བཞག་ན་འགྲིག་ས་མ་རེད་པས།