བསྔོ་བ་

ལམ་རིམ་རྣམ་གྲོལ་ལག་བཅངས་ལས། བྱང་ཆུབ་སེམས་དཔའི་དགེ་རྩ་དེ་རྩམ་པ་དཀར་པོ་དང་། ང་ཚོའི་དགེ་རྩ་རྩམ་པ་ནག་པོ་དཔེ་བཞག་འདུག དཔེ་དེ་ནང་བཞིན་ང་ཚོའི་དགེ་རྩ་དང་བྱང་ཆུབ་སེམས་དཔའི་དགེ་རྩ་བསྲེ་བ་བྱས་ནས་བྱང་ཆུབ་མ་ཐོབ་བར་དུ་འཛད་ཀྱི་མེད། ང་ཚོ་རྩམ་པ་དཀར་པོ་ཟ་ཆོག་པ་ནང་བཞིན་བྱང་ཆུབ་སེམས་དཔའི་དགེ་རྩ་ཡང་བེད་སྤྱོད་བྱེད་ཆོག་གི་རེད་དམ།

ང་ཚོའི་དགེ་རྩ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་ན་བྱུང་ཆུབ་མ་ཐོབ་བར་ཟད་ཡ་ཡོད་མ་རེད། རང་གི་དགེ་རྩ་ཇི་ཙམ་ལོངས་སུ་སྤྱོད་ཀྱང་འཛད་དུ་མེད་ན་གཞན་གྱི་དགེ་རྩ་ལ་རེ་བ་བྱེད་དགོས་དོན་མེད། གཉིས་ནས་རང་ཉིད་དང་རྒྱུད་ཐ་དད་ཀྱི་གང་ཟག་གཞན་གྱི་དགེ་རྩ་ང་ཚོས་ལོངས་སུ་སྤྱོད་ཀྱི་ཡོད་ཀྱང་མེད་ཀྱང་རང་གི་རྒྱུན་ཕྱི་མ་གྱུར་པའི་བྱང་ཆུབ་སེམས་པའི་དགེ་རྩ་ང་ཚོས་རྗེས་མ་ལོངས་སུ་སྤྱོད་ཆོག་པའི་དུས་ཤིག་ཡོང་ངེས།