བཤེས་གཉེན་དམ་པ།

ང་ཚོ་ལུས་པོ་རྒྱ་མཚོ་ནང་གི་དལ་འབྱོར་གྲུ་ཆེན་འདྲ་པོ་རེད།
བཤེས་གཉེན་དམ་པ་གལ་ཆེ་བ་རྩི་དགོས་པ་བའི་རྒྱུ་མཚན་ག་རེད་ཡིན་ནམ།

1 Like

འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་བརྒལ་བ་ལ་དལ་འབྱོར་གྱི་མི་ལུས་འདི་གྲུ་ཆེན་ལྟར་བུ་ཡིན་པས་ཧ་ཅང་གི་གལ་ཆེན་པོ་རེད། གྲུ་ཆེན་འདྲ་བའི་ལུས་རྟེན་ཡོད་པ་ཙམ་མ་ཡིན་པར་ད་དུང་གྲུ་ཆེན་དེ་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་སླེབས་པ་ལ་གྲུ་གཏོང་མཁན་བཞིན་ང་ཚོ་ལ་ཐར་བའི་ལམ་སྟོན་མཁན་དགེ་བའི་བཤེས་གཉེན་དགོས་པས་དགེ་བའི་བཤེས་གཉེན་གལ་ཆེན་པོ་ཡིན་པ་གསུང་གི་ཡོད།

1 Like