སྡུག་བསྔལ་གྱི་སྐོར་ལ་

སྐྱེས་བུ་འབྲིང་ནང་ལོགས་ལ། སྡུག་བསྔལ་གྱི་སྐོར་ལ་བསམ་བློ་གཏོང་དགོས་རེད་ཟེར་། ང་ཚོའི་འཁོར་བ་ནང་ལ་སྡུག་བསྔལ་གྱི་རིགས་མང་པོ་ཡོད་རེད། སྡུག་བསྔལ་གསུམ། དྲུག བརྒྱད་ཅི་རིགས་ཡོད་རེད། སྡུག་བསྔལ་གྱི་སྡུག་བསྔལ། གྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དེ་ཚོ་ལ་སྡུག་བསྔལ་གསུམ་ཟེར་གྱི་ཡོད་རེད། དེ་ནང་ནས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར་ན་ག་རེ་རེད།

1 Like

ཁྱབ་འདུ་བྱེད་ཀྱི་སྡུག་བསྔལ་ལབ་ན་ལས་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ཆོས་གང་ཡིན་པ་དེ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར། འདི་སྡུག་བསྔལ་ཡིན་པ་ངོས་ཟིན་ཁག་པོ་ཡིན་པ་གསུངས་ཡོད། བྱིས་པ་ལག་ཐིལ་ལྟར་བུ་ཡི།། འདུ་བྱེད་རྣམ་སྨིན་སྤུ་མི་རྟོགས་ཟེར་ནས་གསུངས་ཡོད།