གཅེས་པར་འཛིན་པ་དང་འདོད་ཆགས

གཅེས་པར་འཛིན་པ་དང་འདོད་ཆགས་ཀྱི་ཁྱད་པར་ག་རེ་རེད།

1 Like

གཅེས་པ་འཛིན་པ་དང་། འདོད་ཆགས་གཉིས་ལ་ཁྱད་པ་ཡོད་རེད། གཅེས་པ་ལབ་ན་བྱམས་པོ་བྱེད་པ་དང་། དགའ་བོ་བྱེད་པ། རང་ཉིད་སེམས་པ་སྐྱིད་པོ་ཡོང་གི་རེད། འདོད་ཆགས་ནི་དེ་ལས་ལྡོག་སྟེ་རང་རྒྱུད་ལ་སྐྱེས་བ་ཙམ་གྱིས་རང་ཉིད་ཕུག་ལ་མ་སྐྱིད་པ་བྱེད་མཁན་ཞིག་རེད།
རེད། མི་བཞི་བཞག་ནའང་འགྲིག་གི་རེད། ཕོ་མོ་ཕན་ཚུར་དགའ་བ་ནི་དགའ་བ་དང་འདོད་ཆགས་གཉིས་ཀ་དང་། མི་གཞན་ལ་ཁོང་ཁྲོ་ལོངས་བ་ནི་གཉིས་ཀ་མ་ཡིན་པ་དང་། སྤྱི་ཚོགས་ནང་མི་དེ་སྨད་ར་གཏོང་རྒྱུའི་ཆེད་དུ་མི་དེ་དང་ཆགས་སྤྱོད་བྱེད་པ་དེ་འདོད་ཆགས་ཡིན་ཡང་དགའ་བ་མ་རེད། རང་ཉིད་ལ་གང་ཡང་ཐོབ་ཏུ་མེད་ཀྱང་མི་ཉམས་ཐག་ལ་རོགས་རམ་བྱེད་པ་དེ་ནི་དགའ་བ་ཡིན་ཡང་འདོད་ཆགས་མ་རེད།

གཅེས་པར་འཛིན་པ་དང་འདོད་ཆགས་ཀྱི་ཁྱད་པར་དེ་མུ་བཞི་བཞག་ན་འགྲིག་གམ།

མུ་བཞི་ཡོད་པར་ཐལ། གཅེས་པར་འཛིན་པ་ཡིན་ན། འདོད་ཆགས་ཡིན་པས་མ་ཁྱབ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྙིང་རྗེ་ཆེན་པོའི་ཀུན་ནས་སློང་ནས་འགྲོ་བ་སེམས་ཅན་ལ་གཅེས་པར་འཛིན་པ་དེ་ཆོས་ཅན།

འདོད་ཆགས་ཡིན་ན། གཅེས་པར་འཛིན་པ་ཡིན་པས་མ་ཁྱབ། འཆལ་པོ་ཡང་ན་སྨད་ཉོ་མཁན་དེ་ཚོས་སྐྱེ་དམན་ལ་ཆགས་པ་མ་གཏོགས་གཅེས་འཛིན་བྱེད་ཀྱི་མ་རེད། ཁོང་ཚོའི་འདོད་ཆགས་ཆོས་ཅན།

གཙེས་པར་འཛིན་པ་ཡིན་ན། འདོད་ཆགས་མ་ཡིན་པས་མ་ཁྱབ། ཕ་མས་བུ་ཕྲུག་ལ་བྱམས་པོ་བྱེད་པ་དེ་ལ་གཅེས་འཛིན་ཡོད་རེད། འདོད་ཆགས་ཡང་ཡོད་རེད། བྱས་ཙང་ཕ་མའི་བརྩེ་བ་ཆོས་ཅན།

གཅེས་པར་འཛིན་པ་མ་ཡིན་ན། འདོད་ཆགས་ཡིན་པས་མ་ཁྱབ། རི་བོང་རྭ་ཆོས་ཅན།

ཐུགས་རྗེ་ཆེ་གནང་།:pray::pray::pray:

1 Like

ཐུགས་རྗེ་ཆེ་གནང་། བཀྲ་ཤིས་བདེ་ལེགས། :pray: :smiling_face_with_three_hearts: